དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་ཡི་པེ་ཅིང་ནས་ཨབ་ཀྲ་པེ་བར་གྱི་ཐད་འཕུར་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    ཚེས་24ཉིན་གྱི་དགོང་མོར་འགྲུལ་པ་278བླུགས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རྒྱལ་སྤྱིའི་གནམ་ཐང་དུ་བབས་ཞིང་། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་པེ་ཅིང་ནས་ཨབ་ཀྲ་པེའི་བར་གྱི་ཐོག་མའི་ཐད་འཕུར་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོའི་རྒྱལ་སའི་དབར་ཀྲུང་གོ་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བའི་ཐད་འཕུར་མཉམ་འབྲེལ་ཐོག་མ་མངོན་འགྱུར་བྱུང་བ་མཚོན་གྱི་ཡོད།

    མཁའ་ལམ་དེ་ནི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་2026ལོར་གསར་དུ་ཤར་གཏོང་བྱས་པའི་རྒྱལ་སྤྱིའི་མཁའ་ལམ་ཐོག་མ་དེ་ཡིན་པ་དང་། དེར་པའོ་དབྱིན་787འཕྲུལ་དབྱིབས་སྤྱད་དེ་འཕུར་སྐྱོད་བྱས་ཤིང་གཟའ་འཁོར་རེར་དུས་གཏན་གནམ་གྲུ་འགྲོ་འོང་ཐེངས་4བྱེད་ཀྱི་ཡོད། མཁའ་ལམ་ཤར་གཏོང་ཐུབ་པ་དེས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་མཁའ་འགྲུལ་དྲ་རྒྱའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་ལ་དེ་བས་ཕན་ནུས་ཆེ་ལ་སྟབས་བདེ་བའི་བར་སྣང་གི་བགྲོད་ལམ་ཞིག་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།