《ཞི་ཅིན་ཕིང་དང་འཐབ་ཕྱོགས་དང་པོའི་ལས་བཟོ་གྲོགས་པོ་ཚོ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་དང་འཐབ་ཕྱོགས་དང་པོའི་ལས་བཟོ་གྲོགས་པོ་ཚོ》ཀྲུང་གོ་བཟོ་པའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
དེབ་འདིའི་ནང་དངོས་གཞིའི་བཅར་འདྲི་ཁག་23བཀོད་ནས་བློ་མཐུན་ཞི་ཅིན་ཕིང་ཧོ་པེ་ཀྲེང་ཏིང་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་དང་། དེ་བཞིན་ཀྲུང་དབྱང་དུ་ཕྱག་ལས་གནང་ཚུན་འཛུགས་སྐྲུན་ལས་ཡུལ་དང་། བཟོ་གཏེར་འཁོར་ཁང་། གྲུ་ཁ་བཅས་སུ་ཕེབས་ནས་འཐབ་ཕྱོགས་དང་པོའི་ལས་བཟོ་གྲོགས་པོ་ཚོ་དང་ལྷག་བསམ་རྣམ་དག་གིས་སྤེལ་རེས་དང་། ལས་བཟོའི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་གཅེས་སྐྱོང་།ཁོང་ཚོར་རྒྱུན་ཆད་མེད་པར་གསར་གཏོད་གསར་སྐྲུན་བྱེད་དགོས་པའི་སྐུལ་ལྕག་གནང་ལུགས་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད། དེབ་འདི་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ལས་བཟོ་དང་མཉམ་དུ་ཐུགས་དགོངས་བཞེས་པ་དང་མཉམ་དུ་ལས་དོན་སྒྲུབ་པའི་མི་དམངས་ལ་བཅངས་པའི་བརྩེ་སེམས་དེ་བས་ལེགས་པའི་སྒོ་ནས་ཚོར་བ་དང་། ལས་བཟོ་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་ཕན་ཐོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།