དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱིས།

    《དམག་དཔུང་ཏང་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་གྱི་གཏན་འབེབས》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱིས《དམག་དཔུང་ཏང་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》 ཞེས་བསྡུ་རྒྱུ)བཀྲམ་པ་དང་2026ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

    《གཏན་འབེབས》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། དམག་དཔུང་གི་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་གི་དགོས་མཁོ་དང་ཧུར་ཐག་འཚམ་པར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དམག་དཔུང་ཏང་ནང་ཁུལ་གྱི་འདེམས་བསྐོའི་ལས་དོན་གྱི་ལག་ལེན་གྲུབ་འབྲས་ཕྱོགས་སྡོམ་དང་བསྡུ་ལེན་བྱེད་པ། མ་ལག་ཇུས་འགོད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྒྱུན་འཛིན་གསར་གཏོད་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ། དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ཏང་གི་ཐོན་རིམ་པ་ཡན་གྱི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། དེ་བཞིན་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འདེམས་བསྐོའི་ལས་དོན་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པ་རེད།

    《གཏན་འབེབས》ནི་དམག་དཔུང་ཏང་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་ཚད་ལྡན་དུ་གཏོང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་དེས་དམག་དཔུང་ཏང་ནང་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ། དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།