དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕྲན་ཚེགས་ཁེ་ལས་ཀྱི་སྤུས་ཚད་ཁས་ལེན་དཔང་འདོན་གྱི་མཐོར་འདེགས་བྱ་སྤྱོད་ཀྱིས་ཁེ་ལས་ཁྲི་8.5ལྷག་ཙམ་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཕྲན་ཚེགས་ཁེ་ལས་ཀྱི་སྤུས་ཚད་ཁས་ལེན་དཔང་འདོན་གྱི་མཐོར་འདེགས་བྱ་སྤྱོད་སྤེལ་རྒྱུ་མུ་མཐུད་བཀོད་སྒྲིག་བྱས་ཤིང་། དོ་དམ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་དང་ཁེ་ལས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ས་གནས་ཁག་གིས་རིམ་རྩིས་བརྒྱབ་ན་ཡར་སྐུལ་སྲིད་ཇུས་ཁག་1816བཏོན་ཏེ། ཕྲན་ཚེགས་ཁེ་ལས་ལ“ཁས་ལེན་དཔང་འདོན་གྱི་དངུལ་བུན”སོགས་དངུལ་རྩའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1235ཙམ་བཏང་ནས་རྒྱབ་སྐྱོར་བྱས་པ་དང་། ཁས་ལེན་དཔང་འདོན་གྱི་འགྲོ་གྲོན་སྒོར་དུང་ཕྱུར་1ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་ཡོད། ཁེ་ལས་ཁྲི་72.2ལ་རིན་པ་མི་དགོས་པར་གསོ་སྦྱོང་བྱས་པ་དང་། ཁེ་ལས་ཁྲི་8.5ལྷག་ཙམ་ལ་གནད་སྨིན་རོགས་སྐྱོར་བྱས་པ། འགག་རྩའི་སྤུས་ཚད་ཀྱི་གནད་དོན་ཁྲི་4.8ཙམ་ཐག་གཅོད་བྱེད་རོགས་བྱས་པ། སྤུས་ཚད་དོ་དམ་གྱི་ཤེས་ལྡན་པ་ཁྲི་13.8ཙམ་གསོ་སྐྱོང་བྱས་པ། མི་ཁྲི་14.3ཙམ་ལས་ཞུགས་ཐུབ་པར་གཞན་བརྒྱུད་སྐུལ་ཁྲིད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།