དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་ཡོད་གྲངས་འབོར་དུང་ཕྱུར་4.69ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    གསར་འགོད་པར་ཟླ་1ཚེས་26ཉིན་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་ཡོད་གྲངས་འབོར་དུང་ཕྱུར་4.69ཡོད་པའི་ནང་རླངས་འཁོར་དུང་ཕྱུར་3.66ཡོད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར་5.59ཡོད་པའི་ནང་རླངས་འཁོར་གྱི་ཁ་ལོ་བ་དུང་ཕྱུར་5.25ཡོད། 2025ལོར་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་3535ཡོད་པ་དེ་ལོ་11བསྟུད་མར་ཁྲི་3000ལས་བརྒལ་ཡོད་པ་རེད།

    2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་འབོར་ཁྲི་4397ཡོད་པ་དེས་རླངས་འཁོར་བསྡོམས་འབོར་གྱི་12.01%བཟུང་བ་དང་། དེའི་ནང་གློག་སྒུལ་རྐྱང་པའི་རླངས་འཁོར་བདག་ཡོད་གྲངས་འབོར་ཁྲི་3022ཡོད་པ་དེས་ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་འབོར་གྱི་68.74%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།