དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་ལེན་གྱི་སྤྱིའི་ཇུས་གཞི་བཀྲམ་པ།

    དཔྱིད་གསར་གྱི་སྐྱེལ་འདྲེན་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    ཉིན་ཤས་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《2026ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་ལེན་གྱི་སྤྱིའི་ཇུས་གཞི》བཀྲམ་ཞིང་། དེའི་ནང་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་མང་བ་དང་རང་བྱུང་གནོད་འཚེའི་གནམ་གཤིས་ཐོན་སླ་བ་དང་ཐོན་མང་བས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་བཏོན་ཡོད།

    2026ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པར་འགན་ལེན་བྱ་ཆེད་ད་ལོ་གཤམ་གསལ་གྱི་བྱེད་ཐབས་ཁག་གཙོ་གནད་དུ་སྤེལ་རྒྱུ་ཡིན་པ་སྟེ།

    ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ལྟ་འདོམས་བྱེད་པའི་ཐད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ཞབས་ཞུར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གཏན་འཇགས་ཀྱི་གློག་གསོག་སྒྲིག་ཆས་མང་དུ་གཏོང་བ་དང་། ནུས་ཆེའི་མྱུར་གསོག་སྒྲིག་ཆས་བཀོད་སྒྲིག་བྱེད་པ། སྒུལ་བདེའི་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞབས་ཞུའི་ཁུལ་གྱི་གློག་གསོག་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འགྲུལ་བཞུད་བྱེད་མང་བའི་ལམ་དུམ་དུ་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། རླངས་འཁོར་རིན་མེད་རོགས་སྐྱོབ་ལ་ལྕག་སྐུལ་བྱས་ནས་གཞུང་ལམ་དྲ་བ་ཤར་གཏོང་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། བྱ་ཐབས་སྣ་ཚོགས་སྤྱད་ནས་དུས་ཐོག་ཏུ་ལམ་ངོས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་སྤྱི་དམངས་ལ་ཕྱིར་སྐྱོད་དུས་ཚོད་དང་ལམ་ཐིག་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགྲུལ་རྒྱུན་ཆེ་སར་སྡུད་ཐོར་དབོར་འདྲེན་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    ཕྱོགས་བསྡུས་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པའི་ཐད་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ནུས་པ་བཀོད་སྒྲིག་བྱ་རྒྱུར་ཤུཌ་སྣོན་རྒྱག་རྒྱུ་ཡིན་ཞིང་། “མཁའ་འགྲུལ་དང་ལྕགས་ལམ”དང་། “མཁའ་འགྲུལ་དང་སྤྱི་སྤྱོད་རླངས་འཁོར” “གཞུང་ལམ་དང་ལྕགས་ལམ”བཅས་མཉམ་འབྲེལ་སྐྱེལ་འདྲེན་བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས་འགྲུལ་པའི་རྡོག་ཁྲེས་ཐད་སྐྱེལ་དང་བརྒལ་སྐྱེལ་བྱེད་སྟངས་ལ“སྤ་སེ་གཅིག་གི་ལམ་ལུགས”སོགས་སྟབས་བདེའི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། གཙོ་གནད་འགག་རྩའི་སྐྱེལ་འདྲེན་ཞབས་ཞུར་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། རླངས་འཁོར་གྱི་ཐེངས་གྲངས་མང་དུ་གཏོང་བ་དང་སྐྱེལ་འདྲེན་གྱི་དུས་ཚོད་རིང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱེད་སའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ། བདལ་གཏོང་རླངས་འཁོར(དྲ་འབོད་གླ་འཁོར་ཚུད་པ)བཅས་ཀྱི་སྐྱེལ་འདྲེན་ཞབས་ཞུར་འགན་ལེན་ཡག་པོ་བྱེད་རྒྱུ་ཡིན་པ་རེད། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བོགས་གཏོང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རླངས་འཁོར་བོགས་གཏོང་ཁེ་ལས་གཙོ་བོས་གཙོ་གནད་གྲོང་ཁྱེར་དུ་བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་མང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཞབས་ཞུའི་དྲ་རྒྱ་རྒྱ་ཆེར་གཏོང་བ། རིན་མི་དགོས་པའམ་ཡང་ན་གྲོན་དངུལ་ཉུང་གཏོང་གི་ས་ཆ་གཞན་ནས་རླངས་འཁོར་ཕྱིར་སློག་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།

    དཔྱིད་གསར་སྐྱེལ་འདྲེན་གྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུའི་ཐད་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང“བརྩེ་བས་ཕྱུག་པའི་འགྲུལ་བཞུད”བྱེད་སྒོ་སྤེལ་རྒྱུ་རེད། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་གྱི་གཉེར་སྐྱོང་བས་བཟའ་བཏུང་དང་ཚོང་ཟོག་སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟབས་བདེའི་གསང་སྤྱོད་མང་དུ་གཏོང་བ། གད་སྙིགས་གཙང་སེལ་བྱེད་མང་དུ་གཏོང་བ་བཅས་ཐད་ཁྲིད་སྟོན་བྱ་རྒྱུ་རེད། གཙོ་གནད་ཚོགས་སྤྱི་ཕྱིར་སྐྱོད་ཞབས་ཞུར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག མི་སྤྱི་སྡེ་ཚན་དང་མཉམ་དུ“ཞིང་པ་ལས་མིར་དཔྱིད་གསར་གྱི་དྲོ་སྐྱིད་སྦྱིན”ཞེས་པའི་བྱ་སྤྱོད་སྤེལ་ཏེ“གནས་དང་གནས”ཀྱི་གཙང་གླས་རླངས་འཁོར་དང་། ཆེད་སྤྱོད་མེ་འཁོར། གཙང་གླས་གནམ་གྲུ་སོགས་བཏང་སྟེ་ཞིང་པ་ལས་མི་གཅིག་སྡུད་ཐོག་ཕ་ཡུལ་དུ་ལོག་པ་དང་ལས་གནས་སུ་ལོག་ཐུབ་པར་འགན་ལེན་ཡག་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།