དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གྲུ་པའི་གློག་རྡུལ་ལག་ཁྱེར་ལ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་ཁས་ལེན་དངོས་སུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་མཚོ་དོན་ཅུས་ཀྱིས་བརྡ་ཁྱབ་བཏང་བར། རང་རྒྱལ་གྱི་གྲུ་པའི་གློག་རྡུལ་ལག་ཁྱེར་ལ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་ཁས་ལེན་དངོས་སུ་ཐོབ་ཡོད་པ་རེད། 2025ལོའི་ཟླ་8པར་རྒྱལ་ནང་དུ་ཁྱབ་གདལ་བཏང་ཚུན། ལག་ཁྱེར་དེ“རྒྱལ་ནང་དུ་ཤར་གཏོང་ཐུབ་པ”ནས“གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་པའི”བར་མཆོང་སྐྱོད་གལ་ཆེན་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་གྲུ་པའི་ལག་ཁྱེར་གྲངས་འཛིན་ཅན་ལ་རྒྱལ་སྤྱིས་ཁས་ལེན་བྱེད་པའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་མཚོ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱི་གྲུ་པའི་གློག་རྡུལ་ལག་ཁྱེར་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད་པ་དང་། དེའི་ནང་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་གྲུ་པའི་ལས་ཀར་འཚམ་པའི་ལག་ཁྱེར་དང་། གསོ་སྦྱོང་ཚད་ལོན་ལག་ཁྱེར། བདེ་ཐང་དཔང་ཡིག་སོགས་ལྟེ་བའི་ལག་ཁྱེར་རིགས་6ཚུད་ཡོད་པ་མ་ཟད། ད་དུང་གྲུ་ཐོག་གི་མ་བྱན་གསོ་སྦྱོང་ཚད་ལོན་དཔང་ཡིག་དང་གྲུ་ཐོག་གི་བཟའ་བཅའི་ཞབས་ཞུའི་གཞོགས་འདེགས་མི་སྣའི་གསོ་སྦྱོང་དཔང་ཡིག་ཀྱང་གློག་རྡུལ་ཅན་གྱི་དོ་དམ་ཁྱབ་ཁོངས་ནང་བཅུག་ཡོད། རྒྱལ་སྤྱིའི་ཁས་ལེན་ཐོབ་རྗེས། མཚོ་འགྲུལ་རྒྱང་རིང་གྲུ་པས་གྲུ་ཐོག་གི་འགྲོ་ལུགས་གཉེར་བ་སོགས་བྱེད་སྐབས་ཤོག་ཐོག་གི་ལག་ཁྱེར་མང་པོ་འཁྱེར་དགོས་ཀྱི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།