དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་ཤར་ཐིག་བྱང་བསྲིང་ལས་གྲྭས་ཐེན་ཅིན་དང་ཧོ་པེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བཅུ་ལྷག་ཙམ་མཁོ་འདོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-28

    གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་20ཉིན་བར། ལྷོ་ཆུ་བྱང་འདྲེན་གྱི་ཤར་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭའི་བྱང་བསྲིང་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭས་རིམ་རྩིས་བརྒྱབ་ན་ཧོ་པེ་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10ལྷག་ཙམ་མཁོ་འདོན་བྱས་པས། ཆུ་མཁོ་འདོན་གྱི་ཕན་འབྲས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།

    ལྷོ་ཆུ་བྱང་འདྲེན་གྱི་ཤར་ཐིག་བྱང་བསྲིང་ལས་གྲྭ་དེ་ཉིད་ཐབས་ལམ་མང་པོའི་ཐོག་ནས་ཐེན་ཅིན་དང་ཧོ་པེ་ས་ཁུལ་གྱི་ཕྱི་འདྲེན་ཆུ་ཁུངས་མང་དུ་གཏོང་བ་དང་ཧྭ་པེ་ས་ཁུལ་གྱི་ས་འོག་ཆུ་འདོན་ཚད་ཚད་ལས་བརྒལ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས། གཙོ་བོ་ཧོ་པེ་དང་ཐེན་ཅིན་གྱི་ས་འོག་གཏིང་རིང་བའི་ཆུ་འདོན་ཚད་ཚད་ལས་བརྒལ་ཁུལ་གྱི་ཞིང་ལས་ཐད་སྤྱོད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་གོ་སྐབས་དེ་དང་བསྟུན་ནས་གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ལ་ཆུ་གསབ་རྒྱུ་མ་ཟད། ཐེན་ཅིན་དང་ཧོ་པེར་འཕྲལ་སྡོམ་ཆུ་མཁོ་འདོན་བྱེད་པར་མཐུན་རྐྱེན་ཡང་བསྐྲུན་རྒྱུ་ཡིན་པ་རེད།

    2025ལོ་ཚུན་དུ། ལྷོ་ཆུ་བྱང་འདྲེན་གྱི་ཤར་ཐིག་བྱང་བསྲིང་ལས་གྲྭས་ཆུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བརྒྱབ་ན་ཐེན་ཅིན་དང་ཧོ་པེ་ས་ཁུལ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3ལྷག་ཙམ་མཁོ་འདོན་བྱས་ཏེ་ཧོ་པེའི་ཚང་ཀྲོའུ་ས་ཁུལ་དང་ཧེང་ཧྲུའེ་གྲོང་ཁྱེར་གཉིས་ཀྱི་རྫོང་དང་ཆུས་12ཀྱི་ས་འོག་གཏིང་རིང་བའི་ཆུ་གཙང་བསིང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།