ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡིས“སེམས་མཐུན་གཡང་འགུགས”ཀྱི་ལོ་ཧྲིལ་པོའི་སྤྱི་ཕན་བྱེད་སྒོ་སྤེལ་བ།
ཚེས་24ཉིན། 2026ལོའི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི“གསར་བཟང་ཧྥུའུ་ཀྲོའུ། སེམས་མཐུན་གཡང་འགུགས”ཞེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང“སེམས་མཐུན་གཡང་འགུགས”ཞེས་པའི་ལོ་ཧྲིལ་པོའི་སྤྱི་ཕན་བྱེད་སྒོ་ཡང་དུས་གཅིག་ཏུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གུང་ཧྥུའུ་ཀྲོའུ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་གཉེར་བྱས་པ་རེད།
བྱེད་སྒོ་དེས“མཐུན་རྐྱེན་ཁེ་སྦྱོར་དང་། དྲོ་སྐྱིད་ཀུན་སྦྱིན། རིག་གནས་རྒྱུན་འཛིན། གྲོང་གསེབ་དར་རྒྱས”བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཞིར་དམིགས་ཏེ། སྤྱི་ཕན་རྣམ་གྲངས་ཆེན་པོ་བདུན་འཆར་འགོད་བྱས་ཡོད། དེའི་ནང“སེམས་མཐུན་གྲོང་ཚོའི་མཚན་ཚོགས”འཚོགས་པའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་རིག་གནས་མཉམ་འགུལ་ལས་སྟེགས་བསྐྲུན་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་དེ་ཡིན་པ་དང་། “སེམས་མཐུན་དགེ་སྒྲུབ”ཀྱི་སྤྱི་ཕན་ཚོང་འདུས་དེ“སེམས་མཐུན་ཞབས་ཞུའི་ཁུལ”དང“ཅ་དངོས་ཉོ་སྒྲུབ་ཁུལ”གཉིས་སུ་ཕྱེ་ཞིང་། སྔ་མས་བཅའ་ཁྲིམས་བློ་འདྲི་དང་འོས་འགན་སྨན་བཅོས་སོགས་སྤྱི་ཕན་ཞབས་འདེགས་ཞུ་བ་དང་། ཕྱི་མས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་འགྲེམས་ཚོང་བྱས་ནས་ས་གནས་ས་ཐོག་ཏུ་མཉམ་འགུལ་དང་འཛད་སྤྱོད་ལ་བརྟེན་ནས་ཞིང་པར་རོགས་སྐྱོར་བྱེད་པ་ཟུང་འབྲེལ་བྱ་རྒྱུ་སོགས། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་གྲོས་འགོའི་ཡི་གེ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་ལག་གདང་དཔུང་སྦྲེལ་དང་སེམས་མཐུན་ཕྱོགས་མཚུངས་ཀྱིས་བཟང་པོར་བརྟེན་ནས་ལམ་སྣེ་འདྲེན་རྒྱུ་དང་ལག་ལེན་ལ་བརྟེན་ནས་ཁ་བཤད་ལག་བསྟར་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།