2025ལོར་རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་7476.9བསྡུ་ལེན་བྱས་པ།
ཉེ་ཆར། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་70392གསར་དུ་བཙུགས་པ་དེ་དུས་མཚུངས་ལས་19.1%འཕར་བ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་7476.9ཟིན་པ་དེ་དུས་མཚུངས་ལས་9.5%ཆག་ཡོད།
ལས་རིགས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1855.1སྤྱད་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་5451.2སྤྱད་ཡོད་པ་རེད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་2417.7དངོས་སུ་སྤྱད་པའི་ནང་། དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་རིགས་དང་། སྨན་བཅོས་ཡོ་བྱད་སྒྲིག་ཆས། དེ་བཞིན་འཕྲུལ་ཆས་བཟོ་སྐྲུན་ལས་རིགས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕྲུལ་ཆས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་75%དང་། 42.1% 22.9%བཅས་ཁག་སོ་སོར་འཕར་ཡོད།
ཕྱི་དངུལ་གྱི་འབྱུང་ཁུངས་ནས་བལྟས་ན། སུའེ་ཙེར་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱིན་ཇི་བཅས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་དུས་མཚུངས་ལས་66.8%དང་། 27.3% 15.9%བཅས་སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།