དངུལ་སྨར་མི་ལེན་པའི་བྱ་སྤྱོད་སྔོན་འགོག་དང་བཅོས་སྒྲིག་བྱ་རྒྱུ་ཡིན་པ།
མི་དམངས་ཤོག་སྒོར་སྤྲོད་ལེན་ཐད་ཀྱི་སྒྲིག་སྲོལ་གསར་པ་ཟླ་བ་རྗེས་མ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།
མི་དམངས་ཤོག་སྒོར་གྱི་ཁྲིམས་བཀོད་དངུལ་ལོར་གྱི་གནས་བབ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། མི་དམངས་ཤོག་སྒོར་མི་ལེན་པའི་བྱ་སྤྱོད་སྔོན་འགོག་དང་བཅོས་སྒྲིག་བྱེད་པ། སྤྱི་ཚོགས་སྤྱི་དམངས་ཀྱི་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་སྐོང་བ། གཏོང་སྤྲོད་བྱེད་སྟངས་སྣ་ཚོགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་འོག དངུལ་སྨར་གཏོང་སྤྲོད་ཀྱི་སྟབས་བདེའི་ཁོར་ཡུག་གཏོད་པ་བཅས་ཀྱི་ཆེད་དུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་མཉམ་དུ《མི་དམངས་ཤོག་སྒོར་གྱི་དངུལ་སྨར་སྤྲོད་ལེན་དང་ཞབས་ཞུའི་གཏན་འབེབས》བཟོས་པ་དེ་2026ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
མི་ཐབས་ལ་བརྟེན་ནས་དངུལ་ལེན་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་ཞབས་འདེགས་ཞུ་བ། དེ་བཞིན་དྲ་ཐོག་ནས་ཁ་ཆད་དང་ཉོ་ཚོང་བྱེད་པ། དྲ་ཕྱི་ནས་ཞབས་འདེགས་ཞུ་བའམ་ཡང་ན་དངོས་ཟོག་རྩིས་སྤྲོད་བྱེད་པ་བཅས་ཀྱི་སྐབས་སུ་དངུལ་སྨར་ལེན་པའི་ཆ་རྐྱེན་འཛོམས་ན། དངུལ་བསྡུའི་སྡེ་ཚན་དང་གཉེར་སྐྱོང་བྱེད་པོ་གཙོ་བོས་དངུལ་སྨར་སྤྲོད་མཁན་ལ་རྒྱབ་སྐྱོར་བྱས་ཏེ་ལུགས་མཐུན་ངང་དངུལ་སིལ་མ་གྲ་སྒྲིག་བྱེད་དགོས།
མི་མེད་ལས་རེས་དང་འཕྲུལ་ཆས་སྒྲིག་ཆས་སོགས་རང་བརྟེན་ཞབས་ཞུའི་རིགས་དང་། དེ་བཞིན“གཱ་གཅིག་ཀུན་འཐུས”ཀྱིས་བསྡོམས་རྩིས་རྒྱག་པ་དང་གཅིག་གྱུར་དོ་དམ་བྱེད་པའི་གླིང་ཁུལ་དང་། བཟོ་ཁུལ། མཛེས་ལྗོངས་ཁུལ། སློབ་གྲྭ་སོགས་སུ་གཉེར་སྐྱོང་བྱེད་པོས་དངུལ་སྤྲོད་སྟངས་དང་། དངུལ་སྨར་ལེན་པའི་གཞན་སྒྱུར་བྱ་ཐབས། འབྲེལ་གཏུག་ཁ་པར་སོགས་ཀྱི་བྱང་བུ་མངོན་གསལ་དོད་སར་སྦྱོར་དགོས། བརྗེ་སྒྱུར་བྱེད་ཐབས་སྤྱད་དེ་དངུལ་སྨར་ལེན་སྐབས་འགྲོ་ལུགས་གཉེར་གྲོན་བསྡུ་བའམ་ཡང་ན་ཚོད་འཛིན་ཆ་རྐྱེན་བཟོས་ཏེ་དངུལ་སྨར་བརྗེ་སྒྱུར་རིང་ལ་འགོག་རྐྱེན་བཟོ་མི་ཆོག
ཉོ་ཚོང་དང་། གཏོང་སྤྲོད། ཞབས་ཞུ་ཚང་མ་དྲ་བ་བརྒྱུད་དེ་སྒྲུབ་ཆོག་རིགས་དངུལ་བསྡུའི་ལས་ཁུངས་དང་གཉེར་སྐྱོང་བྱེད་པོས་སྔ་སྣུར་དུ་གཏོང་སྤྲོད་བྱེད་སྟངས་ཁྱབ་བསྒྲགས་བྱས་ཏེ། སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་གདམ་ག་བྱེད་དབང་ལ་བརྩི་འཇོག་གང་ལེགས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།