དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་མྱུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་1989.5ལེགས་གྲུབ་ཟིན་པ།

    དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་བཟུང་བའི་བསྡུར་ཚད་བརྟན་པོ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-27

    ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་2025ལོའི་སྦྲག་སྲིད་ལས་རིགས་ཀྱི་འཁོར་རྒྱུག་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། 2025ལོར་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་2165.1ལེགས་གྲུབ་ཟིན་ཏེ་དུས་མཚུངས་ལས་11.8%འཕར་བའི་ནང་། མྱུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་1989.5ལེགས་གྲུབ་ཟིན་ཏེ་དུས་མཚུངས་ལས་13.6%འཕར་ཡོད། ལས་འབོར་ཟམ་མི་ཆད་པར་འཕར་བ་དེས་ལས་སྒོའི་ཡོང་འབབ་བརྟན་པོ་འཕར་བར་སྐུལ་ཁྲིད་ཐུབ་ཅིང་། 2025ལོར་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1.8ཟིན་ཏེ་དུས་མཚུངས་ལས་6.1%འཕར་བའི་ནང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1.5ཟིན་ནས་དུས་མཚུངས་ལས་6.5%འཕར་ཡོད་པ་རེད།

    ས་ཁོངས་འཕེལ་རྒྱས་དེ་བས་དོ་སྙོམས་བྱུང་ཞིང་། ལས་རིགས་དེས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་རྒྱུན་མཐུད་བཏང་བ་དང་། ཞབས་ཞུའི་རྣམ་པ་ཕུན་སུམ་ཚོགས་སུ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བར། དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་ལས་འབོར་བསྡུར་གྲངས་བརྟན་པོ་འཕར་ནས། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2025ལོར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་གྲངས་73.7%དང་། 15.7% 10.6%བཅས་སོ་སོར་ཟིན་པ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་གྲངས་70.5%དང་། 19.9% 9.6%བཅས་སོ་སོར་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།