དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་ཁྲིམས་ཁང་གིས་ཚོང་གཉེར་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-27

    ཉིན་ཤས་གོང་། གསར་འགོད་པར་ལེའོ་ཉིང་ཞིང་ཆེན་ཁྲིམས་ཁང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཚོགས་འདུ་འཚོགས་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དུས་ཡུན་ལོ་གཅིག་རིང་ཚོང་གཉེར་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཁྲིམས་འཛིན་ནན་པོ་དང་། དྲང་གཞག སྤྱོད་གཙང་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་ཆེད་རེད།

    ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཀྱིས་སྒྲིག་ཁྲིམས་སྤྱོད་ཚུལ་དང་། ཁྲིམས་འཛིན་གྱོད་སྒྲུབ། ཁྲིམས་འཛིན་ཞབས་འདེགས་ཞུ་བ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས། “འབྲེལ་བའི་གྱོད་གཞི”དང་། “ངོ་སོའི་གྱོད་གཞི” “དངུལ་དང་འབྲེལ་བའི་གྱོད་གཞི” རང་མོས་ཁྲིམས་ཆད་གཅོད་དབང་གང་བྱུང་དུ་སྤྱོད་པ། གཏུག་བཤེར་རྫུན་མར་དབྱེ་འབྱེད་ཡག་པོ་མི་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་24ལ་གཞིགས་ཏེ་བཅོས་སྒྲིག་གནད་སྨིན་བྱས་པ་རེད། དེ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཚོང་གཉེར་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་དཔེ་མཚོན་གྱོད་དཔེར་གཞི་ཚུགས་པ་དང་མང་ཚོགས་ཀྱིས་ཐེར་འདོན་ཞུ་གཏུག་བརྒྱབ་ནས་བཏོན་པའི་ཞིབ་ཕྲའི་གནད་དོན་དང་ཟུང་འབྲེལ་གྱིས་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་སུ་གནས་པའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གནད་དོན་ལ་ཕྱོགས་ཡོངས་ནས“གྲལ་བཤེར་ཆེན་པོ”དང“གཙང་བཤེར་ཆེན་པོ”བྱས་པ་རེད།

    བཅོས་སྒྲིག་བྱ་སྤྱོད་ཀྱིས“ཞིབ་བཤེར་བྱེད་རིང་དག་ཐེར་དང་། འཕྲལ་སྒྲུབ་འཕྲལ་བཅོས”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གནད་དོན་དང་དག་ཐེར་བྱ་ཐབས་ཀྱི་རྩིས་ཁྲ་བཟོས་པ་དང་། རྩིས་བསྡུར་ཐོ་སུབ་ཀྱི་དོ་དམ་ལག་བསྟར་བྱས་ནས། བཅོས་སྒྲིག་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།