དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་ཀྱི་སྐུ་མགྲོན་གྱིས“ཀྲུང་གོའི་གོ་སྐབས”དེ་བས་མང་བ་ཐོབ་རེ་བྱེད་པ།

    ཏ་ཝོ་སི་རུ་འཛམ་གླིང་ལ་གདེང་ཚོད་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲང་ཁེ་ཡོན། ཡན་ཧོན། ཀོ་ཙི་ཡུན། ཞུས་ཧའེ་ལིན།   |     སྤེལ་དུས།  2026-01-27

    ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་23ཉིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་སུའེ་ཙེར་གྱི་གྲོང་ཁྱེར་ཏ་ཝོ་སི་རུ་མཇུག་འགྲིལ་བ་རེད། སྐབས་འདིའི་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཁྱོན་ཚོགས་འདུ་དང་བགྲོ་གླེང་བྱེད་སྒོ་200ཙམ་སྤེལ་བ་དང་དེའི་ཁྲོད་ཀྲུང་གོ་བརྗོད་དོན་གཙོ་བོར་བྱས་པའི་འབྲེལ་ཡོད་ཚོགས་འདུ་མང་པོ་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་མང་ཆེ་བས། མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཛམ་གླིང་གི་དུས་བབ་མདུན་དུ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་དེ་བས་མང་བ་དགོས་ཀྱི་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་བགྲོད་བརྟན་པོ་དང་། རང་མོས་ཚོང་དོན་ལ་རྒྱབ་སྐྱོར་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་ཐོག་ནས་དུས་རབས་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ལན་བསློགས་ཏེ། འཛམ་གླིང་ལ་གདེང་ཚོད་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད།

    “ངས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”

    ཀྲུང་གོའི་དཔལ་འབྱོར་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་140ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.0%འཕར་ཡོད། ཉིན་ཤས་གོང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྱང་2025ལོའི་ཀྲུང་གོའི་དཔལ་འབྱོར་གྱི་སྔོན་དཔག་འཕར་ཚད་5%བར་སྤར་བ་མ་ཟད། 2026ལོའི་ཀྲུང་གོའི་དཔལ་འབྱོར་གྱི་སྔོན་དཔག་འཕར་ཚད་ཀྱང་དུས་མཚུངས་སུ་སྤར་ཡོད་པ་རེད།

    “ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་གཞི་ཁྱོན་དེ་འདྲ་ལོ་ཉི་ཤུའི་གོང་ངས་བསམ་ཚོད་དཀའ་བ་ཞིག་རེད”ཅེས་2025ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་པི་ཏེ·ཧོ་དབྱི་ཐེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད་པ་དང་། ཁོང་གིས་ཀྲུང་གོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ད་ལོ་ང་ཀྲུང་གོར་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པས། འཚམས་འདྲི་བརྒྱུད་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་དེ་བས་མང་བ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    “ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཉམས་མྱོང་ནི་དཔྱད་གཞིར་འཛིན་རིན་ཡོད”

    ཏ་ཝོ་སི་རུ། ཡུས་ཧྲུའུ་ཚན་རྩལ་དང་། ཀྲི་ཡོན་འཕྲུལ་མི། ཀྲུའུ་ཅི་སྒུལ་ཤུགས། མགྱོགས་མྱུར་འཕེལ་འགྱུར་སོགས་ཀྲུང་གོའི་ཀུང་སིའི་འཕྲུལ་མི་དེ་དག“ཚན་རྩལ་ཁྱབ་ཁོངས་ཀྱི་ཡུལ་ལྗོངས”ཤིག་ཏུ་གྱུར་ཞིང་། དེ་དག་ལ་ཚོགས་ཞུགས་སྐུ་མགྲོན་ཚོ་ཧང་སངས་པ་མ་ཟད། མི་ཐབས་རིག་ནུས་དང་འཕྲུལ་མིའི་ལག་རྩལ་ཚོད་ལྟ་ཁང་ནས་བཀོལ་སྤྱོད་ཁོར་ཡུག་ཏུ་སྐྱོད་པའི་འཕེལ་ཕྱོགས་ཀྱང་གསོན་ཉམས་དོད་པོའི་སྒོ་ནས་གསལ་འགྲེལ་བརྒྱབ་ཡོད། ཉེ་ཆར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི“ལམ་སྟོན་བཟོ་གྲྭའི”མིང་ཐོ་ཁག་གསར་པའི་ནང་། ཀྲུང་གོའི་ཁེ་ལས་16ཚུད་ཡོད་པ་དང་དེ་དག་གིས་བསྡུར་ཚད་བཅུ་ཆ་བདུན་བཟུང་ཡོད། ཀྲུང་གོར་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་ཤོས་བཟོ་སྐྲུན་ལས་རིགས་དང་མཉམ་འདྲེས་གང་མགྱོགས་བྱུང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    ད་ལོའི་ཟླ་7པའི་ཟླ་སྟོད་དུ་ཏ་ཝོ་སིའི་ཚན་རྩལ་དབུ་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པའི་ནང་འཕྲུལ་མི་དང་། དངོས་ཁམས་མི་ཐབས་རིག་ནུས། རིག་ནུས་མ་ལག་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་བྱེད་སྒོ་སྤེལ་རྒྱུ་རེད། ཏ་ཝོ་སིའི་ཚན་རྩལ་དབུ་ཚོགས་ཀྱི་ཙུང་ཚའེ་ཏིར་མན·ཨེ་པོ་ལེ་ཡིས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས། གཞི་ཁྱོན་ཅན་གྱི་བཟོ་སྐྲུན་དང་ཐོན་ལས་སྤོ་སྒྱུར་ནུས་པའི་ཐད་ཀྲུང་གོའི་ལེགས་ཆ་མངོན་གསལ་དོད་པོ་ཡོད། “རྒྱལ་ཁབ་ཁག་གིས་རང་སོ་སོའི་དགེ་མཚན་་གང་ལེགས་བཏོན་ཏེ། མཉམ་ལས་བརྒྱུད་འབྱུང་འགྱུར་གྱི་ཚན་རྩལ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    “གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་ཧ་ཅང་གལ་འགངས་ཆེན་པོ་ཡོད”

    ཏ་ཝོ་སིའི་ཁྲོམ་གཞུང་དུ། པི་ཡཱ་ཏི་གློག་སྒུལ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དེ་ནི་ཀྲུང་གོའི་ལྗང་མདོག་ཕྱོགས་སྒྱུར་ཁས་ལེན་གྱི་ཐད་ཀའི་མཚོན་ཚུལ་ཞིག་ཡིན་པ་དང་། “ཏ་ལེན་གྱི་མཚན་མོ”ཞེས་པའི་དབྱར་དུས་ཏ་ཝོ་སིའི་འོས་སྦྱོར་ངོ་སྤྲོད་བྱེད་སྒོར་ཞིམ་ཟས་དང་གླུ་དབྱངས་ཁྲོད། ཀྲུང་གོས་སྤྲོ་སེམས་འཁོལ་པོའི་ངང་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་བོར་ཕེབས་སྒུག་ཞུས་ཡོད། ལོ་ཚོགས་རིང་། ཀྲུང་གོས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་གི་འབོད་སྒྲ་བློ་བརྟན་འགྱུར་མེད་ངང་བསྒྲགས་པར་ཕྱོགས་ཁག་གི་ངོས་འཛིན་གཅིག་མཐུན་བྱུང་ཞིང་། “སྔོན་དཔག་ཐུབ་པ”དང“བློས་འགེལ་ཆོག་པའི”ཀྲུང་གོར་ཚང་མའི་བསྔགས་བརྗོད་ཐོབ་ཡོད་པ་རེད།

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་མར་ཝན·ཁེ་ལུའུ་ཙི་ཡིས“ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་ཁྲོད་ཞུགས་མཁན་མེད་དུ་མི་རུང་བ་ཞིག་ཡིན། གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་ཧ་ཅང་གལ་འགངས་ཆེ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཕན་ཐོགས་ཀྱང་ཡོད”ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་སུའེ་ཙེར་གྱི་གྲོང་ཁྱེར་ཏ་ཝོ་སི་ནས་ཟླ་1ཚེས་24ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།