ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ལྗང་མདོག་ནུས་རྒྱུའི་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་རྣམ་གྲངས་ནས་ཚད་ལོན་ཆུ་ཐོན་པ།

འདི་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཐུས་མིས་ཚད་ལོན་ཆུ་ལ་བྲོ་བ་ལྟ་བཞིན་པ།

འདི་ནི་མཁའ་དབྱིངས་ནས་བརྒྱབ་པའི་རྣམ་གྲངས་ཀྱི་པར་ཡིན་པ།
ཟླ་1ཚེས་23ཉིན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མཛད་སྒོ་གཉེར་ནས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་གསུམ་པས་སྐྲུན་འགན་འཁུར་བའི་ལྗང་མདོག་ནུས་རྒྱུའི་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་རྣམ་གྲངས་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཧྭ་སི་ཡན་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་EPCརྣམ་གྲངས་ནས་ཚད་ལོན་ཆུ་དངོས་སུ་ཐོན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་ཆུ་གློག་ཅུས་ཀྱི་འཐུས་མི་དང་། རྣམ་གྲངས་ཀྱི་དོ་བདག འབྲེལ་ཡོད་ཚན་པའི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
རྣམ་གྲངས་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་གྲོང་ཁྱེར་དུ་གནས་ཤིང་། དེར་མཚོ་ཆུ་སིམ་འཛུལ་འགོག་པའི་ལག་རྩལ་སྤྱད་པ་དང་། ཉིན་རེར་ཆུ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་81.8ཟིན་ཞིང་། གློག་ཤུགས་ཡོང་ཁུངས་100%ཚང་མ་འོད་ཤུགས་ནུས་རྒྱུར་བརྟེན་ཡོད། སྤྱོད་འགོ་ཚུགས་རྗེས་ཡུལ་དེའི་མི་འབོར་ཁྲི་180ཙམ་གྱི་རྒྱུན་གཏན་གྱི་ཚྭ་མེད་ཆུ་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།