དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིགས་གཅིག་མཁས་ཅན་གྱིས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་བཅོས་སྒྲིག་སྐོར་ལ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-27

    ཚེས་23ཉིན། “2026ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཐབས་རིག་ནུས་འཛུགས་སྐྱོང་གི་གསོ་སྦྱོང་འཛིན་གྲྭ་དང་མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་ཤོས་དང་བཅོས་སྒྲིག་གི་མཐོ་རིམ་བགྲོ་གླེང་ཚོགས་འདུ”མ་ལེ་ཞི་ཡའི་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་འཚོགས་ཤིང་། ཀྲུང་མ་རྒྱལ་ཁབ་གཉིས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་སྲིད་གཞུང་སྡེ་ཚན་དང་རིག་གཞུང་ལས་རིགས་དང་ཐོན་ལས་ལས་རིགས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ནས། མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་ཤོས་དང་བདེ་འཇགས་འགྲན་སློང་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འདུ་འགོད་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་དང་། མ་ལེ་ཞི་ཡའི་ལག་རྩལ་ཆེ་མོ་བའི་སློབ་ཚོགས། མ་ལེ་ཞི་ཡའི་ལཱ་མན་སློབ་ཆེན། ཞ་མོན་སློབ་ཆེན་མ་ལེ་ཞི་ཡའི་ཡན་ལག་སློབ་གྲྭ ཀྲུང་གོ་རང་འགུལ་རྫས་འགྱུར་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་རིང“མི་ཐབས་རིག་ནུས་སློབ་གསོ་དང་ནུས་པ་འཛུགས་སྐྱོང”དང“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཐབས་རིག་ནུས་མཉམ་ལས་དང་ལག་རྩལ་གཞན་སྒྱུར་གྱི་མདུན་ལམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲལ་སྒོར་གླེང་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།