རང་ལྗོངས་ཀྱི་ཆུ་ལོག་སྔོན་འགོག་ནང་སྦྱོང་ནུས་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲལ་དུ་སླེབས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་ལས་དོན་དེ་གཞན་དབང་ངང་ཁ་གཏད་གཅོག་པ་ནས་རང་འགུལ་ངང་སྔོན་འགོག་ཚོད་འཛིན་བྱེད་པའི་བར་དང་། ཉམས་མྱོང་ལ་བརྟེན་ནས་ཐབས་ཇུས་འགོད་པ་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་གི་ལག་རྩལ་ཐད“རྗེས་སྐྱོད”ནས“མཉམ་སྐྱོད”བར་གྱི་མཆོང་སྐྱོད་བྱུང་བ་དང་། ལྷག་པར་དུ་ཆུ་ལོག་སྔོན་འགོག་ནང་སྦྱོང་བྱེད་ནུས་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲལ་དུ་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་7.85བཏང་ནས་ཆུ་ལོག་གི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་སྔོན་བརྡའི་མ་ལག་སྒྱུར་བཀོད་ལེགས་གཏོང་གི་ལས་གྲྭ་1དང་། གཙོ་གནད་ཆུ་ལོག་ལུང་ཤུར་གི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་ལས་གྲྭ་61 འགོག་བཅོས་རྫོང(ཆུས་དང་གྲོང་ཁྱེར)70ཡི་མཉམ་འགོག་མཉམ་ཞིབ་ཀྱི་མ་ལག་འཛུགས་སྐྲུན། རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་1000ལྷག་ཙམ་གཉེར་སྐྱོང་ཉམས་བཟོ་སོགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།