དབུ་ཤོག
  • གཟའ་འཁོར་འདིའི་ནང་བོད་ཀྱི་ས་ཆ་འདི་དག་ལ་གངས་འབབ་པ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-01-26

    ཟླ་1ཚེས་25ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་10(ཟླ་1ཚེས་25ཉིན་ནས་ཟླ་2ཚེས་3ཉིན་བར)ཡི་རིང་། རང་ལྗོངས་སུ་གངས་ཆར་ཡང་སེ་འབབ་རྒྱུ་ཡིན་པ་ལས། གཙོ་བོ་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་ཡིན་པ་དང་། སྐབས་འགར་ས་ཆ་ཁག་གཅིག་ལ་གངས་ཆེ་ཙམ་འབབ་རྒྱུ། དེའི་ནང་ཚེས་27དང་28ཉིན། རྩྭ་མདའ་ནས་གཉའ་ནང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ་དང་། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་རེད། དེའི་རིང་། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ནས་11བར་འཚུབ་རྒྱུ།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་1ཚེས་25དང་26ཉིན། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེའི་ནང་ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ཆབ་མདོ་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ།

    ཟླ་1ཚེས་27དང་28ཉིན། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། དེའི་ནང་རྩྭ་མདའ་ནས་གཉའ་ནང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། མངའ་རིས་ཀྱི་ཤར་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི། ནག་ཆུའི་ཤར་རྒྱུད། གཞིས་རྩེའི་བྱང་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ས་ཆ་ཆ་ཤས་ལ་ཐོལ་རླུང་རིམ་པ་9ནས་11བར་འཚུབ་རྒྱུ།

    ཟླ་1ཚེས་29དང་30ཉིན། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། ཆབ་མདོ་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཆ་ཤས་ལ་གངས་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ།

    ཟླ་1ཚེས་31ནས་ཟླ་2ཚེས་3ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། ཉིང་ཁྲི་དང་ཆབ་མདོའི་བྱང་རྒྱུད་དུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཆ་ཤས་ལ་གངས་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ས་ཆ་ཆ་ཤས་ལ་ཐོལ་རླུང་རིམ་པ་9ནས་11བར་འཚུབ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།