ས་གནས་དེ་གའི་ལག་ཤེས་པ་གསོ་སྐྱོང་བྱས་ནས་ཞིང་ལས་ཐོན་སྐྱེད་འཕོ་འགྱུར་ལ་མཐུན་རྐྱེན་སྦྱོར་བ།
ཀྲུང་གོའི་གསར་གཏོད་ནས་གོ་ལ་ཧྲིལ་པོར་ཁྱབ་གདལ་བཏང་བའི་ཚན་རྩལ་ཁང་།
ཚན་རྩལ་ཁང་གི་སྣེ་མོ་གཅིག་མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་མཐོ་སར་འབྲེལ་བ་དང་། སྣེ་མོ་གཅིག་འོང་ཁའི་ཞིང་ལས་ཐོན་སྐྱེད་བྱེད་སར་འབྲེལ་ཡོད། དེ་ནི་ཀྲུང་གོའི་ཚན་རྩལ་གསར་གཏོད་དང་། སྤྱི་ཚོགས་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་ཕྱོགས་བསྡུས་ཞབས་འདེགས་ཞུ་སྟངས་གསར་པ་ཞིག་རེད། 2019ལོ་ཚུན་དུ་ཚན་རྩལ་ཁང་གིས“ཚན་ཞིབ་འགག་སྒྲོལ་དང་། ལག་རྩལ་གསོ་སྦྱོང་། དཔེ་སྟོན་ཁྱབ་གདལ་བཅས་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་སྟངས་ཤིག་མ་ལཱ་ཝེ་དང་། ཙན་པི་ཡ། པར་ཙིར་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཏུ་རྒྱ་སྐྱེད་བཏང་ནས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སྤྱད་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཞིང་ལས་ཀྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ལ་སྐུལ་སྤེལ་བཏང་སྟེ་ས་གནས་དེ་གའི་ཞིང་ལས་ཤེས་ལྡན་པ་གསོ་སྐྱོང་དང་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་ཞིང་ལས་མཉམ་ལས་ཀྱི་མ་དཔེ་གསར་གཏོད་བྱེད་པར་ལེགས་སྐྱེས་ཀྱང་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།