དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཙན་པི་ཡའི་སྲན་ཆེན་ཚན་རྩལ་ཁང་།

    “ཙན་པི་ཡ་དང་ཀྲུང་གོའི་ཚན་རྩལ་དང་མཛའ་གཅུགས་ཀྱི་འབྲས་བཟང་སྨིན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-26

    ཝེ་ཅན་ཅང(གཡས་ཀྱི་དང་པོ)གིས་ས་གནས་དེ་གའི་ཞིང་དུད་ལ་འདེབས་འཛུགས་ཉམས་མྱོང་སློབ་བཞིན་པ།

    ཙན་པི་ཡའི་སྲན་ཆེན་ཚན་རྩལ་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཡུལ་དེ་གའི་ཞིང་ལས་ལག་རྩལ་པར་སྲན་མ་འདེབས་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

    ཙན་པི་ཡ་ནི་ས་མཐོར་གནས་ཤིང་། ལག་རྩལ་རྗེས་ལུས་ཀྱིས་རྐྱེན་པས་ཞིང་པ་དུད་ཆུང་མང་ཆེ་བར་རྒྱ་ཆེ་གོ་མ་ཆོད་ཀྱི་དཀའ་གནད་འཕྲད་ཡོད། 2023ལོར། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་གྲོང་གསེབ་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་ཙན་པི་ཡའི་སྲན་ཆེན་ཚན་རྩལ་ཁང་བཙུགས་ནས“ཟས་སྤྱོད་ཤ་མོའི་ཐོན་ལས་སྐྱེད་སྲིང་དང་སྲན་ཆེན་གྱི་སོན་སྣ་ལེགས་བཅོས་ཟུང་དུ་འབྲེལ་བ”གཉིས་སྒུལ་ཤུགས་སུ་བྱས་ཏེ། ཡུལ་དེ་གའི་ས་མཐོའི་ཚ་ཤོད་གནམ་གཤིས་དང་འཚམ་པའི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་པ་རེད།

    མིག་སྔར། ཙན་པི་ཡའི་སྲན་ཆེན་ཚན་རྩལ་ཁང་གིས་མུའུ་150ཟིན་པའི་སྲན་ཆེན་དཔེ་སྟོན་རྟེན་གཞི་བསྐྲུན་ཟིན་པའི་ནང་། སྨི་ངོས་གྲུ་200ཟིན་པའི་ཟས་སྤྱོད་ཤ་མོའི་དྲོད་ཁང་ཆེ་མོ་དང་སྨི་ངོས་གྲུ་3000ཟིན་པའི་སྔོ་ཚལ་དཔེ་སྟོན་གླིང་བསྐྲུན་ནས། ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་གཙོ་བོ་5རྒྱུན་སྡོད་བྱས་ཏེ་ལག་རྩལ་གྱི་རྒྱབ་སྐྱོར་གནད་སྨིན་བྱེད་ཀྱི་ཡོད། ཚན་རྩལ་ཁང་གི“ཞིང་ནང་ལྟ་སྦྱོང་དང་དངོས་ལྗོངས་སློབ་ཁྲིད་ཟུང་དུ་འབྲེལ་བའི”གསོ་སྦྱོང་བྱེད་སྟངས་ཀྱང་རིམ་བཞིན་བྱང་ཆུབ་པར་གྱུར་ཞིང་། ལག་རྩལ་གསོ་སྦྱོང་འཛིན་གྲྭས་རིམ་རྩིས་བརྒྱབ་ན་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ཟས་སྤྱོད་ཤ་མོའི་ལྟེ་བའི་འདེབས་འཛུགས་དུད་ཚང་500དང་སྦྱངས་པ་གོ་ཆོད་ཐུབ་པའི་ཞིང་ལས་ལག་ཤེས་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།