ཀྲུང་གོ་དང་པར་ཙིར་གྱི་ཁྱིམ་ཚང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚན་རྩལ་ཁང་།
“ཞིང་དུད་ལ་ཐོན་སྐྱེད་ལེགས་བཅོས་བྱེད་རོགས་བྱེད་མཁན་གྱི་གྲོགས་པོ་བློས་ཐུབ”

པར་ཙིར་གྱི་ཨ་པོ་ཏིའི་འབྲས་ཞིང་ནང་དུ་པར་ཙིར་གྱི་བུད་མེད་ཅིག་གིས་ཀྲུང་གོ་ནས་ཐོན་པའི་ཆུ་འབྲས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་འབྲས་བརྔ་བཞིན་པ།

པར་ཙིར་གྱི་ལི་ཨའོ་ཀེ་ལན་ཏེ་མངའ་སྡེ་བྱང་མའི་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་ཚན་རྩལ་སློབ་གླིང་ཨ་པོ་ཏི་སློབ་ཁུལ་གྱི་ཞིང་རར་པར་ཙིར་གྱི་དགེ་སློབ་དང་ཞིང་དུད་ཀྱིས་ཀྲུང་གོ་ནས་ཐོན་པའི་མི་མེད་གནམ་གྲུ་སྤྱོད་སྟངས་སྦྱོང་བཞིན་པ།
ཀྲུང་གོ་དང་པར་ཙིར་གྱི་ཁྱིམ་ཚང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚན་རྩལ་ཁང་གིས། ཀྲུང་གོ་དང་པར་ཙིར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་མཉམ་ལས་དཔེ་སྟོན་ཞིང་རའི་རྨང་གཞིའི་ཐོག་པར་ཙིར་གྱི་ཁྱིམ་ཚང་ཞིང་ལས་འཕྲུལ་ཆས་ཅན་གྱི་དགོས་མཁོར་སྔར་བས་དམིགས་ནས། ཞིང་འཕྲུལ་ཚོད་ལྟ་དང་། ལག་རྩལ་ཁྱབ་སྤེལ། ཞིང་དུད་གསོ་སྦྱོང་། མཉམ་འབྲེལ་ཞིབ་སྤེལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་སྤེལ་ཡོད། ཚན་རྩལ་ཁང་གིས་པར་ཙིར་གྱི་ས་ཁུལ་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། ཞིང་འཕྲུལ་ཚོད་ལྟ། ས་རྒྱུ་དབྱེ་ཞིབ་སོགས་བརྒྱུད་ཡུལ་དེ་གའི་ཞིང་དུད་ཀྱིས་ཚན་རིག་དང་མཐུན་པའི་ངང་ཞིང་འཕྲུལ་སྤྱོད་པར་མཛུབ་ཁྲིད་བྱས་ཡོད། ཀྲུང་གོ་དང་པར་ཙིར་གྱི་ཁྱིམ་ཚང་ཞིང་ལས་ཐོན་སྐྱེད་ཀྱི་གྲངས་གཞི་ཆེ་མོའི་དོ་དམ་མ་ལག་ལ་བརྟེན་ནས་ཚན་རྩལ་ཁང་གིས་ད་དུང་ཞིང་འཕྲུལ་ལས་སྒྲུབ་ལྟ་ཞིབ་ཚད་ལེན་དང་ཐོན་སྐྱེད་བསྡོམས་རྩིས་སོགས་ཀྱི་ཞབས་འདེགས་ཞུ་ཐུབ་པས། ཡུལ་དེ་གའི་ཞིང་ལས་སྐྱེ་དངོས་ཐོན་སྐྱེད་ཀྱི་གནད་སྨིན་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ལི་ཨའོ་ཀེ་ལན་ཏེ་མངའ་སྡེ་བྱང་མའི་ཀྲོའུ་བཙུཌ་སློབ་ཆེན་དང་ལི་ཨའོ་ཀེ་ལན་ཏེ་མངའ་སྡེ་བྱང་མའི་་རྒྱལ་ཕྲན་མཉམ་འབྲེལ་ཚན་རྩལ་སློབ་གསོ་སློབ་གླིང་སོགས་ས་གནས་དེ་གའི་མཐོ་སློབ་ཀྱི་སློབ་མ་དང་། དེ་བཞིན་མཐོ་རིམ་སློབ་འབྲིང་དང་ལག་རྩལ་སློབ་གྲྭའི་སློབ་མ་ཁག་གཅིག་གིས་ཀྱང་ཚན་རྩལ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།