2025ལོར་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ནུས་པ་ཐོན་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ།
2025ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་97.2ལ་དབང་ཆ་སྤྲད་པ་དང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་ཁྲི་7.8བདག་སྤྲོད་བྱས་པ། ཚོང་རྟགས་ཁྲི་420.6ཐོ་འགོད་བྱས་པ། མི་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་16ཟིན་གྱི་ཡོད་པ་རེད།
ཆ་འཕྲིན་ལག་རྩལ་གྱི་དོ་དམ་བྱ་ཐབས་དང་། རྩིས་འཁོར་ལག་རྩལ། གསོ་རིག་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ནུས་པ་ཐོན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་དུ་ཕྱིན་པ།
གསར་གཏོད་ཀྱི་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་གཙོ་གནད་ས་ཁོངས་ཀྱི་གསར་གཏོད་གསོན་ཤུགས་ཆེ་ཞིང་། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པ་རུའེ་ཝུན་པེའོ་ཡིས་རྒྱལ་ནང་གི་ནུས་པ་ཐོན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་དོ་དམ་བྱ་ཐབས་དང་། རྩིས་འཁོར་ལག་རྩལ། གསོ་རིག་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ནུས་པ་ཐོན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་དུ་ཕྱིན་པ་དང་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ནུས་པ་ཐོན་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
2025ལོའི་ལོ་མཇུག་བར། རང་རྒྱལ་རྒྱལ་ནང་གི་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་229.2ཟིན་པ་དེས་རྒྱལ་ནང་གི་ནུས་པ་ཐོན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ནང་བཟུང་བའི་བསྡུར་གྲངས་43.1%ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་2.9མཐོ་རུ་ཕྱིན་ཡོད།
ངན་སེམས་བཅངས་ནས་ཚོང་རྟགས་གསོག་ཉར་གྱི་བྱེད་སྤྱོད་ལ་སྒྲིག་འདོམས་ཤུགས་ཆེན་བྱས་པ།
2025ལོར་ཤེས་རིག་བདག་དབང་སྡེ་ཚན་གྱིས་ཁེ་བེད་བདག་ཐོབ་ཀྱི་དབང་གནོད་ཀྱི་རྩོད་གཞིའི་སྲིད་འཛིན་གྱོད་གཞི་ཁྲི་5.7སྒྲུབ་གཉེར་བྱས་པ་དང་ཤེས་རིག་བདག་དབང་སྲུང་སྐྱོང་བྱས་པར་སྤྱི་ཚོགས་བློ་ཡིད་ཚིམ་ཚད་ཀྱི་སྐར་གྲངས་82.81བར་མཐོ་རུ་སོང་ཡོད། དམངས་གཉེར་ཁེ་ལས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་ལ་རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཤེས་རིག་བདག་དབང་སྲུང་སྐྱོང་སིའི་སི་ཀྲང་ཀུའོ་ཝུན་གྱིས། 2025ལོར་རྒྱལ་ཁབ་རིམ་པའི་ཤེས་རིག་བདག་དབང་སྲུང་སྐྱོང་ལྟེ་གནས་དང་ཁེ་དབང་མགྱོགས་མྱུར་སྲུང་སྐྱོང་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན། དམངས་གཉེར་ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་སྔོན་ཚུད་འདྲི་ཞིབ་ཀྱི་གྱོད་གཞི་ཁྲི་20ལྷག་ཙམ་བདག་སྤྲོད་བྱས་པ་དང་། ཆ་སྙོམས་དབང་སྐུར་དུས་ཡུན་ཟླ་བ་3ནང་ཚུན་ཡིན་པ། དུས་མཚུངས་སུ་དམངས་གཉེར་ཁེ་ལས་ཀྱི་ཚོང་རྟགས་དང་ཁེ་བེད་བདག་ཐོབ་ལ་བཙན་གནོད་བཏང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ཡོད་ཅེས་བཤད།
“གྲངས་འབོར་ཁོ་ནའི”ཕྱོགས་ལྷུང་ཡོ་བསྲང་བྱས་ནས་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་དང་དབང་སྐུར་དུས་མཚམས་སུ་ནོར་སྲིད་ཀྱིས་རོགས་དངུལ་གཏོང་རིགས་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུར་སྐུལ་འདེད་བཏང་བ།
ཤེས་རིག་བདག་དབང་གི་ཕན་འབྲས་མངོན་མགྱོགས་སུ་ཕྱིན་ཞིང་། 2025ལོར་རང་རྒྱལ་གྱིས་ཁེ་བེད་བདག་ཐོབ་ཀྱི་ནང་བཤུག་འཐུས་མཆན་འགོད་ཐེངས་ཁྲི་69.7ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་13.7%འཕར་ཡོད། དེའི་ནང་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་ཁེ་བེད་བདག་ཐོབ་ཀྱི་ནང་བཤུག་ཆོག་འཐུས་ཐོ་འགོད་བྱེད་ཐེངས་ཁྲི་9ཙམ་ཟིན་པ་དེ་དུས་མཚུངས་ལས་16.6%འཕར་བ་དང་། ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་54%ཟིན་ནས་ལོ་མང་བསྟུད་མར་བརྟན་པོ་འཕར་བ། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ཤེས་རིག་བདག་དབང་བེད་སྤྱོད་གྲོན་དངུལ་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་3828.7ཟིན་པ་དེ་དུས་མཚུངས་ལས་7.4%འཕར་བའི་ནང་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་23.1%འཕར་ཏེ། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་ཕྱིར་གཏོང་བྱེད་ཚད་མཐོ་རུ་དང་ཕྱོགས་གསར་པར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་ཡོད།
གསར་གཏོད་གྲུབ་འབྲས་གཞན་སྒྱུར་བྱུང་བ་དེ་སྤུས་ལེགས་ཀྱི་ཤེས་རིག་བདག་དབང་གི་སྤྱི་པའི་ཞབས་ཞུར་བརྟེན་པ་ལས་བྱུང་བ་ཞིག་རེད། མིག་སྔར་རང་རྒྱལ་གྱིས་ཚན་རྩལ་གླིང་ཁུལ་སྣ་ཚོགས་སུ་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་དྲ་ཚིགས་1057བཙུགས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་པའི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་གསར་གཏོད་བྱེད་པོར་ཞབས་འདེགས་ཞུ་ཐེངས་ཁྲི་500ལྷག་ཙམ་ཟིན་ཡོད།
ཁེ་བེད་བདག་ཐོབ་ཀྱི་སྤུས་ཚད་ནི་གསར་གཏོད་ཆུ་ཚད་མཚོན་པའི་དམིགས་ཚད་གལ་ཆེན་ཞིག་རེད། རུའེ་ཝུན་པེའོ་ཡིས། “གྲངས་འབོར་ཁོ་ནའི”ཕྱོགས་ལྷུང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་ཆེད་སྡེ་ཚན་ཁག་དང་ས་གནས་ཁག་གིས་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་དང་དབང་སྐུར་དུས་མཚམས་སུ་ནོར་སྲིད་ཀྱིས་རོགས་དངུལ་གཏོང་རིགས་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིས་ཁེ་བེད་བདག་ཐོབ་རེ་ཞུ་མ་བྱས་གོང་གི་ཚོད་སྐོར་ལམ་ལུགས་འཛུགས་པར་མཛུབ་ཁྲིད་བྱས་ཏེ། “སྔོན་ལ་ཚོད་སྐོར་དང་རྗེས་སུ་རེ་ཞུ”ཐུབ་པར་བྱས་ནས་སྤུས་ཚད་དམའ་བའི་ཁེ་བེད་བདག་ཐོབ་ཀྱི་འདུན་ཞུ་སྔོན་ཚུད་ནས་བཀག་འགོག་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།