ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས།
2025ལོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ཁག་བཞི་པ་ཡོངས་བསྒྲགས་བྱས་པ།
ཟླ་1ཚེས་23ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་དུ“ཀྲུང་གོའི་མི་བཟང་གི་མིང་གྲལ”ཡོངས་བསྒྲགས་ཀྱི་མཛད་སྒོ་འཚོགས་ནས། 2025ལོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ཁག་བཞི་པ་ཡོངས་བསྒྲགས་བྱས་པ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་གླེང་། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད་གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཁ་དན་ཚིག་གནས། ལས་བཀུར་ལེགས་སྐྱེས། རྒན་བཀུར་གཉེན་གཅེས་བཅས་བྱེད་མཁན་མི་བཟང་ཁྱོན་139གཟི་བརྗིད་མིང་གྲལ་ནང་ཚུད་ཡོད་པ་རེད།
མིང་གྲལ་གྱི་མི་བཟང་ཁྲོད་དབང་པོ་སྐྱོན་ཅན་ཡིན་རུང་ལྷག་བསམ་ལ་བརྟེན་ནས་སྒྲོག་འགྲེལ་ཐེངས་སྟོང་ཕྲག་ཙམ་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་མཁན་ཨ་འགོག་ཁྲའོ་རོགས་ཀྱི་དང་བླངས་དམག་གི་དམག་མི་རྒན་གྲས་ཀྲོའུ་ཆོན་ཏི་དང་། གྲང་ངར་ཆེ་བའི་གཙང་པོའི་ནང་རོགས་སྐྱོབ་ཧུར་ཐག་དང་རང་སྲོག་བློས་བཏང་ནས་མི་ཚེའི“མངགས་ཐོ་མཇུག་ཤོས”སྐྱེལ་མཁན་ཉོ་སྐྱེལ་བ་ལིའུ་དབྱིན་ཆང་། ལོ་སོ་བརྒྱད་རིང་ཁ་དན་ཚིག་གནས་ཀྱིས་གྲོང་མིའི་བདེ་ཐང་སྲུང་མཁན་གྲོང་གསེབ་ཀྱི་སྨན་པ་ཡེ་ཡུང་ཧུང་། ལུས་པོས་མྱུར་བགྲོད་རླངས་འཁོར་བཀག་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་འགྲིམ་འགྲུལ་ཉེན་རྟོག་པ་ཀྲེང་ལེན། མི་རབས་བཞི་ཡོད་པའི་ཁྱིམ་ཚང་གསུམ་ལ་ལྟ་རྟོག་བྱེད་པ་དང་འཚོ་བའི་ཁུར་པོ་ལྕི་པོ་ཕྲག་ཏུ་འཁུར་མཁན་རང་སྨྱན་སྦྱོར་གྱི་གཙོ་སྐྱོང་བ་ཝང་ཅའོ་སོགས་ཡོད། ཁོང་ཚོ་ནི་རྒྱུན་གཏན་འཚོ་བའི་ནང་གཞན་ལ་དྲོ་སྐྱིད་སྦྱིན་མཁན་ཞིག་ཡིན་ལ། ཁོང་ཚོས་སྤྱིར་བཏང་གི་འཚོ་བའི་ནང་ཡར་ཐོན་དགེ་བརྩོན་གྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ནས་ཀྲུང་ཧྭའི་བུ་ཕྲུག་གི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།