“ནང་རྨུག་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ།
འོད་ཤུགས་ལས་རིགས་ཀྱི“ནང་རྨུག་ཕྱིར་ཐོན”གྱི་སྔོན་ཚུད་ཉེན་བརྡ་དང་དེ་བཞིན་བཅོས་སྒྲིག་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཁོངས་ཀྱི་རླངས་འཁོར་ཧྲིལ་པོའི་སྤུས་ཚད་འཐེན་བཤེར་ཐོག་མ་བྱས་པ། གློག་གསོག་འབོའི་སྤུས་ཚད་ལ་གཅིག་སྡུད་བཅོས་སྒྲིག ཡོངས་བསྒྲགས་ངང་ཧོ་ལ་ལ་སྐོང་འདྲི་བྱས་པ། ཉོ་སྐྱེལ་གྱི“ཁ་གསབ་ཆེན་པོའི”གནད་དོན་ལ་དམིགས་ནས་ཉོ་སྐྱེལ་ལས་སྟེགས་སྐོང་འདྲི་བྱས་པ་ལ་སོགས། ཚེས་21ཉིན་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་2025ལོའི“ནང་རྨུག་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེ་དང་བྱེད་ཐབས་ལས་གཤམ་གསལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཁག་གསུམ་མངོན་པ་སྟེ། གཅིག་ནས་མ་ཐོན་སྔོན་འགོག་བྱ་རྒྱུར་སྣང་ཆེན་བྱས་ཤིང་། འོད་ཤུགས་ལས་རིགས་སུ་སྔོན་ཚུད་ཉེན་བརྡ་དང་ལུགས་མཐུན་ཟུར་ཁྲིད་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་ཁེ་ལས་ལ“ནང་རྨུག་ཕྱིར་ཐོན”གྱི་ཉེན་ཁ་མ་ཐོན་གོང་དུས་ཐོག་ཏུ་ཡོ་བསྲང་བྱེད་རོགས་བྱས་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཁོངས་སུ་རླངས་འཁོར་ཧྲིལ་པོའི་སྤུས་ཚད་འཐེན་བཤེར་ཐོག་མར་བྱས་ནས་ཐོན་སྲིད་པའི་རིན་ཁེ་སྤུས་ཞན་གྱི་ཉེན་ཁ་སྔོན་འགོག་བྱས་ཡོད། ཁས་ལེན་དཔང་འདོན་གཅིག་གྱུར་རང་བཞིན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ལ་དཔང་ལེན་ཐོབ་རྗེས་སྤུས་ཚད་ཞན་དུ་གཏོང་རྒྱུ་སྔོན་འགོག་གིས་ཐོན་སྐྱེད་ཀྱི་འབྱུང་རྩ་ནས“རིན་གོང་དམའ་རུ་དང་སྤུས་ཚད་ཞན་དུ་གཏོང་བའི”འགྲན་རྩོད་གཏན་འགོག་བྱས་པ། གཉིས་ནས་འཇམ་རྩུབ་མཉམ་སྤྱོད་ཀྱི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན་བྱས་ཤིང་། ལྟ་འདོམས་བྱེད་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་ཧོ་ལ་ལ་དང་ཉོ་སྐྱེལ་ལས་སྟེགས་སོགས་ཀྱི་གྱོད་དཔེར་སྐོང་འདྲི་སོགས་འཇམ་ཐབས་ལ་བརྟེན་ཏེ་ཁེ་ལས་རང་གཅུན་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། བརྡ་ཁྱབ་ཀྱི་ལུགས་མཐུན་ཁྱབ་ཁོངས་སུ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། སྒེར་གྱི་ཁྱབ་ཁོངས་སུ་ཐད་གཏོང་སྐབས་རྫུན་མ་དྲིལ་བསྒྲགས་བྱས་པ་སོགས་ཀྱི་གནད་དོན་ལ་རྡུང་རྡེག་མཐར་ཕྱིན་དང་བཙན་ཤེད་ཀྱིས་ཚུར་བསྡུ་བྱས་ནས་བདེ་འཇགས་དང་ཡིད་རྟོན་གྱི་མཐའ་ཚད་བརྟན་དུ་བཏང་ཡོད། གསུམ་ནས་མཐུན་སྦྱོར་བཅོས་སྒྲིག་ལ་སྣང་ཆེན་བྱས་ཤིང་། སྣ་མང་ཅན་གྱི་མཉམ་བཅོས་ལྟ་འདོམས་རྣམ་པ་ཧུར་ཐག་བཏོད་དེ་ལས་སྟེགས་དང་། ཁེ་ལས། འཛད་སྤྱོད་པ་སོགས་ཕྱོགས་མང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་བཅོས་སྒྲིག་གི་མཉམ་ཤུགས་ཆགས་པར་བྱས་ཏེ་ལས་ཀའི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།