དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-26

    ཉེ་ཆར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཀན་སུའུ་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་བྱེད་པའི་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོའི་བར)》བཀྲམ་ཞིང་། “རྩལ་ནུས་ཀྱིས་མདུན་ལམ་གསལ་བར་བྱེད”ཅེས་པའི་གསོ་སྦྱོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་བྱེད་པ་དང་། “ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་ཀྱི་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་ཟུང་འབྲེལ”གྱི་རྣམ་གྲངས་ཅན་གྱི་གསོ་སྦྱོང་བྱེད་སྟངས་ཁྱབ་སྤེལ་གཏོང་རྒྱུ་ཁ་གསལ་བཟོས་པ་རེད།

    ཇུས་གཞིའི་ནང་གསོ་སྦྱོང་ཐད་ཀན་སུའུ་ཡི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་སྔོན་ཐོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། དམའ་དབྱིངས་དཔལ་འབྱོར། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་གྲོང་གསེབ། འཚོ་བའི་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་རའི་དགོས་མཁོར་གཞིགས་ཤིང་། ཁེ་ལས་ཀྱི་ལས་བཟོ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ལ་གསར་དར་ལས་རིགས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ངལ་རྩོལ་པ་དཀྱུས་མའི་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཉམ་བཟུང་བྱ་རྒྱུ་ཡིན་ཞེས་བཏོན་ཡོད། ད་དུང་ཇུས་གཞིའི་ནང་ཀན་སུའུ་ཡིས་ཐོན་ལས་འཁོར་འབྲེལ་གྱི་རྩལ་ནུས་ཤེས་ལྡན་པ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཀྱི་གྲང་ཐན་ཁྱད་ལྡན་ཞིང་ལས་ཐོན་ལས་ཚོ་འདུས་ལ་དམིགས་ཏེ། ལས་རིགས་ཀྱི་ཁེ་ལས་ཉིད་བྱེད་པོར་བྱས་ནས་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་། ལས་རིགས་སློབ་གླིང་། ལས་རིགས་མཐུན་ཚོགས་སོགས་མཉམ་དུ་ཞུགས་པའི“ཐོན་སློབ་དཔྱད་གསུམ”རྣམ་པའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་སྐྱེ་ཁམས་འཁོར་འབྲེལ་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།