2025ལོར་ཤང་ཀང་དུ་ཡོང་མཁན་འགྲུལ་པ་མི་ཐེངས་དུས་མཚུངས་ལས་12%འཕར་བ།
ཉེ་ཆར། ཤང་ཀང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་དོན། 2025ལོ་ཧྲིལ་པོར་བསྡོམས་རྩིས་རགས་ཙམ་བྱས་པར། ཤང་ཀང་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་4990ཙམ་ཟིན་པ་དེ་2024ལོ་ལས་12%འཕར་བ་དང་། དེའི་ཁྲོད་ན་ནིང་ཟླ་12པར་ཤང་ཀང་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་465ཙམ་ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད་པ་རེད།
ཤང་ཀང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོ་ཧྲིལ་པོར་ཤང་ཀང་དུ་ཡོང་མཁན་ནང་སའི་འགྲུལ་པ་མི་ཐེངས་ཁྲི་3780ཙམ་ཟིན་པ་དེ་2024ལོ་ལས་11%ཙམ་འཕར་ནས་ལོ་ཧྲིལ་པོར་ཤང་ཀང་དུ་ཡོང་མཁན་འགྲུལ་པའི་76%ཟིན་ཡོད། ནང་ས་ནས་མིན་པའི་འགྲུལ་པ་མི་ཐེངས་ཁྲི་1210ཙམ་ཟིན་པ་དེ་དུས་མཚུངས་ལས་15%འཕར་ནས་ལོ་ཧྲིལ་པོར་ཤང་ཀང་དུ་ཡོང་མཁན་འགྲུལ་པའི་24%ཟིན་ཞིང་། དེའི་ནང་རི་པིན་དང་། ཝེ་ཐེ་ནམ། ཨོ་སི་ཁྲུ་ལི་ཡ། འཛམ་གླིང་དབུས་ཤར་ས་ཁུལ་བཅས་ཀྱི་འཕར་ཚད་མཐོ་པོ་ཡོད་པ་དང་དུས་མཚུངས་ལས་25%ཡན་འཕར་ཡོད། ཐེ་ལན་དང་། ཝེ་ཐེ་ནམ། རྒྱ་གར་སོགས་ལམ་ཐུང་ཁྲོམ་རའང་རིམས་ནད་མ་ཐོན་གོང་གི་ཆུ་ཚད་སླར་གསོ་བྱུང་བའམ་ཡང་ན་དེ་ལས་བརྒལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།