དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ནི་བློས་འགེལ་རིན་ཆོག་པའི་གྲོགས་པོ་ཡིན”

    —— ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཐོར་ཚའོ་དབྱི·ཡཱ་ནོ་ཧྲེན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་ལི་མེན།   |     སྤེལ་དུས།  2026-01-24

    ལུའོ་ཐོར་ཚའོ་དབྱི·ཡཱ་ནོ་ཧྲེན།

    “ཧང་ག་རི་དང་ཀྲུང་གོའི་དབར་གྱི་མཉམ་ལས་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་བཙུགས་ཡོད”ཅེས་དང་། མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ཞིང་། ཧང་ག་རི་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་དང་། དངོས་སྒྲུབ། བརྟན་ལྷིང་བཅས་ཀྱི་བྱེད་ཐབས་ཐོག་ནས་ལག་གདང་སྦྲེལ་ཏེ་མདུན་དུ་བསྐྱོད་པ་བརྒྱུད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་གསར་པ་ཞིག་ཀྱང་བཏོད་ཡོད་ཅེས་ཉིན་ཤས་གོང་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཐོར་ཚའོ་དབྱི·ཡཱ་ནོ་ཧྲེན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོ་དང་ཧང་ག་རིའི་དབར་གྱི་འབྲེལ་བར་ཡང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ལྷག་པར་དུ། 2024ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་སྟེ། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། “ད་ཐེངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ལས་ཧང་ག་རི་དང་ཀྲུང་གོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཐེབས་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འབྱུང་འགྱུར་འཕེལ་རྒྱས་ཇི་ལྟར་གཏོང་མིན་གྱི་འཐབ་ཇུས་ཀྱང་བཀོད་ཡོད”ཅེས་ལུའོ་ཐོར་ཚའོ་དབྱི་ཡིས་བརྗོད།

    ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ཧང་ག་རིས་ཀྲུང་གོ་དང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཐད་ཐོག་མཐའ་བར་གསུམ་དུ་སྤེལ་རེས་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ལུའོ་ཐོར་ཚའོ་དབྱི་ཡིས། ཧང་ག་རི་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཆེན་པོས་ཕྱོགས་གཉིས་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད།“དེ་ནི་ང་ཚོས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་རྨང་གཞི་ཡིན”ཞེས་བརྗོད།

    དེང་སྐབས་ཀྲུང་གོ་འདི་ཉིད་ཧང་ག་རིའི་ཕྱི་དངུལ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་ཡོ་རོབ་མནའ་འབྲེལ་ཕུད་པའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ལུའོ་ཐོར་ཚའོ་དབྱི་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་ནུས་རྒྱུ་གསར་པ་དང་། གློག་རྫས་བཟོ་སྐྲུན། ཟོག་འགྲུལ་རྨང་གཞིའི་སྒྲིག་བཀོད་སོགས་འགག་རྩའི་ཁྱབ་ཁོངས་སུ་ཧང་ག་རིར་མ་འཇོག་བྱས་ཏེ། ལས་ཞུགས་ལས་གནས་འབོར་ཆེན་བཏོད་པ་མ་ཟད། ས་ཁོངས་ཐོན་ལས་འཁོར་འབྲེལ་ཁྲོད་ཀྱི་ཧང་ག་རིའི་འགྲན་རྩོད་ནུས་པ་ཡང་ཆེ་རུ་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ང་ཚོས་ཀྲུང་གོའི་ཁེ་ལས་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་གི་ཡིན། ཀྲུང་གོའི་ལག་རྩལ་དང་ཉམས་མྱོང་དེ་ཧང་ག་རིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཧ་ཅང་འཕྲོད་པོ་འདུག”ཅེས་བརྗོད།

    ལུའོ་ཐོར་ཚའོ་དབྱི་ཡིས་བལྟས་ན། ཧང་ག་རི་དང་ཀྲུང་གོའི་དབར་གྱི་སྲ་ཞིང་བརྟན་པའི་འབྲེལ་བའི་རྨང་གཞི་དེ་ཚོང་དོན་མ་འཇོག་ནས་མངོན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་འགྲོ་འོང་དང་ཕན་ཚུན་ཡིད་ཆེས་བྱེད་པ་ནས་དེ་བས་ཀྱང་མངོན་གྱི་ཡོད། བསྡོམས་རྩིས་ལས་མངོན་པར། འདས་ཟིན་པའི་ལོ་15ཡི་ནང་། ཧང་ག་རི་དང་ཀྲུང་གོའི་དབར་གྱི་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལྡབ་5འཕར་ཡོད། “དེ་ནི་དཔལ་འབྱོར་སྤེལ་རེས་ཀྱི་མཚོན་བྱེད་ཅིག་རེད་ལ། རིག་གནས་མཉམ་འདྲེས་ཀྱི་དཔང་རྟགས་ཤིག་ཀྱང་རེད”ཅེས་དང“རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཡུལ་སྐོར་དང་སྐད་ཡིག་སློབ་སྦྱོང་སོགས་ཁྱབ་ཁོངས་ཀྱི་འབྲེལ་གཏུག་དང་བསམ་ཤེས་བྱེད་ཤུགས་ཆེ་རུ་བཏང་བས། དམངས་ཁྲོད་ཀྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྨང་གཞིར་གྱུར་ཡོད”ཅེས་ཁོང་གིས་བརྗོད།

    ལུའོ་ཐོར་ཚའོ་དབྱི་ཡིས། ཧང་ག་རིས“ཡོ་ཀྲུང་འབྲེལ་ཟམ”གྱི་ནུས་པ་མུ་མཐུད་བཏོན་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཡོ་རོབ་ཏུ་ཡོང་རྒྱུར་གཞོགས་འདེགས་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་དབར་བསམ་ཤེས་དེ་བས་ཆེ་བ་དང་མཉམ་ལས་དེ་བས་ཟབ་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་བྱས་པ་དང་འབྲེལ། “ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་རེད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པའི་ཧང་ག་རིས་ཕྱོགས་མང་སྒྲོམ་གཞིའི་ནང་དེ་བས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད།

    མ་འོངས་པའི་མཉམ་ལས་ཀྱི་ཁ་ཕྱོགས་སྐོར་གླེང་སྐབས། ལུའོ་ཐོར་ཚའོ་དབྱི་ཡིས་ངོས་འཛིན་བྱས་དོན། ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་ཚན་རྩལ་གསར་གཏོད་དང་། ལྗང་མདོག་ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད།“རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ནའང་ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་གསབ་རེས་རང་བཞིན་ལས་སྙུགས་ཤེད་ཆེན་པོ་རྒྱུན་འཁྱོངས་ཐུབ་ངེས་རེད”

    ལུའོ་ཐོར་ཚའོ་དབྱི་ཡིས། དེང་སྐབས་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་མང་པོའི་མདུན་དུ། གྲོགས་པོའི་བར་ལ་དེ་བས་ཡིད་ཆེས་ཆེ་རུ་དང་མཉམ་ལས་ཟབ་ཏུ་གཏོང་དགོས་པ་སྟེ། དཔལ་འབྱོར་ཁྱབ་ཁོངས་སུ་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཕྱོགས་གཉིས་པོའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་བར་ཡང་གཞོལ་དགོས་ཞེས་དང“ངས་ཐོག་མཐའ་བར་གསུམ་དུ་གྲོགས་པོ་ངོ་མ་ཡིན་ན་འགག་རྩའི་དུས་སུ་དཔུང་པ་མཉམ་གཤིབ་ཀྱིས་དུས་ངལ་ཁྱད་བསད་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ནི་བློས་འགེལ་རིན་ཆོག་པའི་གྲོགས་པོ་འདི་གྲས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།