རི་པིན་ཡུལ་སྐོར་ཅུས་ཀྱིས་བརྗོད་དོན།
2025ལོའི་ཟླ་12པར་རི་པིན་དུ་ཡུལ་སྐོར་ལ་ཡོང་མཁན་ཀྲུང་གོའི་ནང་སའི་ཡུལ་སྐོར་བའི་མི་གྲངས་དུས་མཚུངས་ལས་ཉུང་དུ་མངོན་གསལ་དོད་པོ་ཕྱིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རི་པིན་སྲིད་གཞུང་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ན་ནིང་ཟླ་12པར། རི་པིན་དུ་ཡུལ་སྐོར་ལ་ཡོང་མཁན་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་མི་ཐེངས་ཁྲི་33.04ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་45.3%ཆག་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ན་ནིང་ཟླ་11པར། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བཤད་སྤེལ་རྗེས། ཀྲུང་གོའི་ནང་ས་ནས་རི་པིན་དུ་ཡུལ་སྐོར་ལ་འགྲོ་མཁན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། ན་ནིང་ཟླ་11པར་རི་པིན་དུ་ཡུལ་སྐོར་ལ་འགྲོ་མཁན་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་མི་ཐེངས་ཁྲི་56.26ཟིན་གྱི་ཡོད་ནའང་། ན་ནིང་ཟླ་10པའི་སྐབས་ཀྱི་གྲངས་གཞི་དེ་མི་ཐེངས་ཁྲི་71.57ཟིན་གྱི་ཡོད་པ་རེད།
རི་པིན་གྱི་སྨྱན་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས། ཀའོ་ཧྲི་ཡི་གཏམ་བཤད་ཀྱི་ཤུགས་རྐྱེན་ངན་པའི་འོག ཀྲུང་གོ་དང་རི་པིན་དབར་གྱི་འབྲེལ་བ་རྒྱུན་མཐུད་ཛ་དྲག་ཏུ་སོང་ཞིང་། རི་པིན་གྱི་སིལ་ཚོང་དང་། ཞག་སྡོད། བཟའ་བཏུང་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཅེས་བརྗོད། རི་པིན་གྱི་ཡུལ་སྐོར་ལས་དོན་ཁང་ཆེ་ཤོས་རི་པིན་འགྲིམ་འགྲུལ་ཀུང་ཧྲེ་ཡིས་སྔོན་རྩིས་བརྒྱབ་ནས། འབྱུང་འགྱུར་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་རི་པིན་དུ་ཡོང་བའི་གནས་ཚུལ་ད་དུང་གསལ་ཆ་མེད་པས། 2026ལོར་རི་པིན་ལ་ཡུལ་སྐོར་ཡོང་མཁན་མི་གྲངས་3%ཆག་སྲིད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།