དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒན་གསོར་འགན་སྲུང་ཡོད། བདེ་སྐྱིད་མྱོང་ཚོར་ཐུབ།

    དབྱི་ཧྲོང་ཧུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-24

    ཉེ་ཆར། ས་གནས་མང་པོས་སྲིད་ཇུས་དང་བྱ་ཐབས་ཞིབ་ཕྲ་བཟོས་ནས་ནུས་པ་ཤོར་ཚད་རིམ་པ་འབྲིང་བ་ཡན་གྱི་བགྲེས་སོང་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲད་དེ། ཁྱིམ་ཚང་གི་ལྟ་སྐྱོང་ཁུར་པོ་དངོས་གནས་ཡང་དུ་བཏང་བ་མ་ཟད། རྒན་གསོའི་ཞབས་ཞུ་མཁོ་འདོན་འཚམ་སྒྲིག་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ནུས་ལྡན་ཡང་བཏང་བ་རེད།

    སྒང་ལ་རྒན་རྒོན་དང་འོག་ལ་ཕྲུ་གུ་ཡོད་པ་ནི་བདེ་སྐྱིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་རིམ་བཞིན་མཐོ་རུ་སོང་བ་དང་། སྡེ་ཁུལ་གྱི་ལྟ་སྐྱོང་ལྟེ་གནས་ཀྱང་ཇེ་མང་དུ་ཕྱིན་པ། རྒན་རྒོན་ཟ་ཁང་གི་ཟ་མའི་སྤུས་ཚད་ལེགས་ཤིང་རིན་གོང་དམའ་བ་སོགས་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་སྐྱིད་པའི་ཉི་མ་ཤར་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྟབས་བདེ་བསྐྲུན་ཡོད།

    རྒན་གསོའི་ཞབས་ཞུའི་ཐད་ཆེད་ལས་ཅན་དང་སྤུས་ཚད་ཡག་པོ་དགོས་ཤིང་། ཉེ་ཆར་བཀྲམ་པའི《རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་བྱས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》གི་དམིགས་ཡུལ་ནི་བགྲེས་སོང་ཚོའི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྣ་ཚོགས་སྔར་ལས་ལྷག་པར་སྐོང་ཆེད་རེད། རྒན་གསོའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཚང་མའི་གདམ་ག་མང་དུ་དང་སེམས་ཁྲལ་ཉུང་དུ་ཕྱིན་ཡོད།

    གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ནུས་པ་ཤོར་བ་དང་རིག་པ་ཉམས་པའི་བགྲེས་སོང་གི་ལྟ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱི་རྒན་གསོའི་འགན་སྲུང་དེ་བས་བརྟན་པོ་དང་ཞབས་ཞུ་དེ་བས་ཚགས་ཚུད་པར་བྱས་ནས། དུད་ཁྱིམ་རེར“རྒས་དུས་འཚོ་རྟེན་ཡོད་པའི”ཁྲོད་བདེ་སྐྱིད་སྔར་ལས་མང་བ་ཚོར་དུ་འཇུག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།