“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྣེ་འདྲེན་ཁེ་ལས་ཁྲི་1.76སྐྱེད་སྲིང་བྱས་པ།
ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་སྐས་ཚད་སྐྱེད་སྲིང་ཁྱབ་ཁོངས་ནང་བཅུག་པ།
ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཁེ་ལས་རྩེ་གྲ་འབྲིང་ཆུང་གི་སྐས་ཚད་སྐྱེད་སྲིང་དོ་དམ་བྱ་ཐབས》བཀྲམ་ནས། སྐྱེད་སྲིང་གི་རྨང་གཞི་རྒྱ་ཆེར་བཏང་བ་མ་ཟད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་སྐས་ཚད་སྐྱེད་སྲིང་ཁྱབ་ཁོངས་ནང་ཐོག་མར་བཅུག་པ་རེད། འབྱུང་འགྱུར་གྱི་ཁེ་ལས་རྩེ་གྲ་འབྲིང་ཆུང་གི་སྐས་ཚད་ནང་ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་དང་། ཆེད་ཞིབ་ཁྱད་གསར་བཞིའི་སྣེ་འདྲེན་ཁེ་ལས་ཚུད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ཆེད་ཞིབ་ཁྱད་གསར་བཞིའི་སྣེ་འདྲེན་ཁེ་ལས་ཁྲི་1.76སྐྱེད་སྲིང་བྱས་པ་དང་། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་ཁྲི་14ལྷག་ཙམ་སྐྱེད་སྲིང་དང་ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་60ལྷག་ཙམ་ཟིན་པར་སྐུལ་ཁྲིད་བྱས་པས། ཁེ་ལས་རྩེ་གྲ་འབྲིང་ཆུང་གི་སྐས་ཚད་སྐྱེད་སྲིང་མ་ལག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད།
བྱ་ཐབས་དེའི་དམིགས་ཡུལ་ནི་ཁེ་ལས་རྩེ་གྲ་འབྲིང་ཆུང་གི་དཔེ་སྟོན་སྐུལ་ཁྲིད་དང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་དང་རང་འགུལ་གྱི་ཤེས་རྟོགས་ལམ་སྲོལ་ནང་འདྲེན་བྱས་ཏེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དང་། རྐང་དབང་མ་འཇོག ཤེས་རིག་བདག་དབང་། ཚན་རྩལ་བྱ་དགའ། ཤེས་ལྡན་པ་གདན་ཞུ་གསོ་སྐྱོང་སོགས་ཀྱི་གྲངས་གཞི་སྔོག་འདོན་གང་ལེགས་བྱེད་པ་དང་། མི་མངོན་པའི་ཁེ་ལས་རྩེ་གྲ་འབྲིང་ཆུང་རྒྱུན་གཏན་རང་བཞིན་གྱིས་ཤེས་རྟོགས་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་གྱིས་གདན་ཞུ་བྱས་ནས་ངོས་མཐའ་གཅིག་ཏུ་འཛིན་པའི་ནང་ཞུགས་རྒྱུ་ཡིན་མོད། འོན་ཀྱང་ངོས་མཐའ་གཅིག་ཏུ་འཛིན་པའི་ཚད་གཞི་དམའ་རུ་གཏོང་མི་སྲིད་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།