2025ལོར་རྒྱལ་ཡོངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་98.23%ཟིན་པ།
ལོ་དྲུག་བསྟུད་མར་98%ཡན་རྒྱུན་འཁྱོངས་ཐུབ་པ།
གསར་འགོད་པས་ཉེ་ཆར་འཚོགས་པའི་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2025ལོར། རང་རྒྱལ་དུ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་2848བསྐྲུན་ནས་འགལ་བ་དང་རྩོད་གཞི་ཁྲི་1073བདག་སྤྲོད་བྱས་པ་དང་། “འགལ་བ་དང་རྩོད་གཞིའི་ཉེན་ཁ་བསལ་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་ལེགས་སྒྲུབ་བྱས་ཏེ་འགལ་བ་དང་རྩོད་གཞི་ཁྲི་894.6གྲལ་བཤེར་བྱས་ཤིང་། རྒྱལ་ཡོངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་98.23%ཟིན་པ་དང་ལོ་དྲུག་བསྟུད་མར་98%ཡན་རྒྱུན་འཁྱོངས་ཐུབ་ཡོད།
2025ལོར། སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་མུ་མཐུད་ལེགས་སུ་ཕྱིན་ཡོད། རྒྱལ་ཡོངས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་གྱོད་གཞི་ཁྲི་1654འདུམ་འགྲིག་བྱས་པ་དང་འདུམ་གཅོད་སྒྲིག་གཞིའི་གྱོད་བསྡུ་དུས་མཚུངས་ལས་25%འཕར་ཡོད། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་བསྡུ་དུས་མཚུངས་ལས་31.4%འཕར་ནས་90%ཡན་གཏུག་བཤེར་གོ་རིམ་ནང་ཞུགས་མེད་པ་རེད། ཡིག་སྐུར་ངོ་བཅར་གྱི་བསྡོམས་འབོར་2024ལོར་29.1%ཆག་པའི་རྨང་གཞིའི་ཐོག་དུས་མཚུངས་ལས་1.7%ཆག་ཡོད།
འབྲེལ་ཡོད་གསར་འགྱུར།