དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-24

    གསར་འགོད་པས་ཚེས་17ཉིན་འཚོགས་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དགུ་པའི་ཐོག་ནས་ཤེས་རྟོགས་བྱས་པར། 2025ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ནས“མཉམ་འགུལ་དྲུག”གི་ལས་ཀའི་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ་རྟག་གུས་འབད་བརྩོན་དང་གསར་གཏོད་ཚད་བརྒལ་བྱས་པ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་332ཟིན་ནས་7.2%འཕར་རེ་ཡོད་པ་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་20%ཡན་འཕར་རྒྱུ་དང་། གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་54554དང་25167སོ་སོར་ཟིན་ནས་6.5%དང་7.8%སོ་སོར་འཕར་བ་དང་དམིགས་ཚད་ཁག་མང་པོ་བརྟན་པོའི་ངང་འཕར་ཡོད་པ་རེད།

    བློ་བརྟན་འགྱུར་མེད་ངང་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་དུས་བདེ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་ཅིང་། རྫོང་དང་ཤང་ཡོངས་ལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྱབ་ནས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་དང་མི་སྣ་ཤི་ཚད་སྤྱིར་ན་71.4%ཆག་ཡོད་པ་རེད། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་15.43ཟིན་པ། ལྗོངས་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་དངུལ་བུན་ཐོག་མ་དོན་འཁྱོལ་བྱུང་བ། “ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་བ། རེས་སྐོར་གཉིས་པའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་བཅོས་སྒྲིག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་རེད། མཐའ་སྟོབས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”མཐའ་མཚམས་གྲོང་ཚོ་གསར་པ་གནས་སྤོའི་ལས་འགན་སྔོན་ལ་ཚད་བརྒལ་གྱིས་ལེགས་གྲུབ་བྱུང་བ་དང་། ཀྲུང་གོ་དང་འབྲུག་ཡུལ་གྱི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་བཞི་སླར་གསོ་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    མ་འཇོག་དང་ཐོན་ལས་གཉིས་ཀར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཞིང་། ལོ་ཧྲིལ་པོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་47.22བརྩོན་ལེན་བྱས་པ་དང་། གསར་སྐྲུན་རྣམ་གྲངས་449བདེ་བླག་ངང་འགོ་བཙུགས་པ། ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་20%ལས་བརྒལ་ཡོད་པ་རེད། ཐོན་ལས་མ་ལག་མུ་མཐུད་ལེགས་སུ་བཏང་ནས་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་17.5ལས་བརྒལ་བ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་བཟོ་ལས་ཀྱི་ཐོན་ཚད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་29.3%འཕར་རེ་ཡོད་པ་རེད། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་ཚད་བརྒལ་མང་པོ་བྱུང་བ་དང་འོད་གསོག་དང་རླུང་གསོག་གི་རྣམ་གྲངས་ཁག་གཅིག་ལས་མཇུག་འགྲིལ་བ་དང་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་གློག་ཏུའུ་དུང་ཕྱུར་75གཏོང་ཐུབ་རྒྱུ་ཡིན་པ་རེད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཤུགས་འཕེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1071.62ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཐད་འགྲོ་སོང་སྒོར་དུང་ཕྱུར་44.8བཏང་ནས་41.1%དང་55.2%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།