དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རྐང་རྩེད་སྤོ་ལོ་བ་ཆུང་ཆུང་ཚོ་ཤང་ཀང་ཚན་རྩལ་སློབ་ཆེན་དུ་ལྟ་སྦྱོང་ལ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-24

     ཉེ་ཆར། བོད་ལྗོངས་ལྷ་འཕུར་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རུ་མི་རྣམས་ཤང་ཀང་ཚན་རྩལ་སློབ་ཆེན(ཀོང་ཀྲོའུ)དུ་བསྐྱོད་དེ་དུས་ཡུན་ཉིན་8ཀྱི་ལྟ་སྦྱོང་སྤེལ་རེས་བྱེད་སྒོར་ཞུགས་འགོ་ཚུགས་པ་རེད།

    སློབ་གྲྭའི་ནང་སྐྱོད་སྐབས་རུ་མི་ཚོ་སྣ་མང་རིག་གནས་དང་རིག་གཞུང་གིས་བརྒྱན་པའི་ཁོར་ཡུག་དེར་དབྱིངས་ཞུགས་ཤིང་། སྒྱུ་རྩལ་འགྲེམས་སྟོན་ཁུལ་དུ་ཁོང་ཚོས་སྒྱུ་རྩལ་བརྩམས་ཆོས་མྱོང་རོལ་དང་། དཔེ་མཛོད་ཁང་དུ་རིག་གཞུང་གི་རྣམ་པ་ཟབ་མོ་ཉམས་སུ་མྱངས་པ་རེད། ཚན་རྩལ་ཉམས་ལེན་ཁུལ་དུ་ཁོང་ཚོས་VRསྒྲིག་ཆས་ལ་བརྟེན་ནས་རྟོག་བཟོའི་འཇིག་རྟེན་དུ་བསྐྱོད་དེ་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་དང་། མཉམ་འགུལ་ཉམས་ལེན་ཁུལ་དུ་རིག་ནུས་སྒྲིག་ཆས་སྤྱད་དེ་ལག་ལེན་ཁྲོད་ཚན་རྩལ་གྱི་ལྐོག་གྱུར་འཚོལ་ཞིབ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྦྱོང་ལས་ས་མཐོའི་རྐང་རྩེད་སྤོ་ལོ་བ་ཆུང་ཆུང་ཚོས་མཐོ་སློབ་ཀྱི་འཚོ་བར་མྱོང་རོལ་ཐུབ་པ་མ་ཟད། ཚན་རྩལ་དང་ལུས་རྩལ་མཉམ་འདྲེས་ཁྲོད་མཐོང་རྒྱ་བསྐྱེད་པ་དང་བློ་སྒོ་ཕྱེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།