དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེད་དོན་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་རིམ་སྤེལ་འཆད་འགྲེལ》སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། དགོངས་པ་རླབས་པོ་ཆེ་ཤེས་རྟོགས་བྱས་ནས་ཁྲིམས་སྐྱོང་ཀྲུང་གོ་སྐྲུན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་གསར་གཏོད་རང་བཞིན་ངང་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན། དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་ཁྲིད་སྟོན་བྱས་ཡོད།

    ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་། ཀྲུང་དབྱང་ཁྲིམས་བཞིན་རྒྱལ་སྐྱོང་གཞུང་དོན་ཁང་། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་བཅས་དང་མཉམ་དུ་ལེའུ་བརྒྱད་ཡོད་པའི་ཆེད་དོན་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་རིམ་སྤེལ་འཆད་འགྲེལ》བཟོས་ནས་བཏོན་ཡོད། ལེ་ཚན་ནང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམིགས་ནས“དུས་རབས་ཀྱི་བརྗོད་གཞི”དང་། “དགོངས་པའི་ཁྲིད་སྟོན” “གནམ་འོག་བདེ་འཇགས”བཅས་ལེའུ་གསུམ་ལ་དབྱེ་ཡོད་ལ། རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་འཆད་ཁྲིད་ཀྱི་སྐུ་མགྲོན་དུ་ཆེད་མངགས་གདན་ཞུ་བྱས་ཏེ་གཞི་རིམ་གྱི་གསར་གཏོད་ལག་ལེན་གྱི་དཔེ་མཚོན་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་འཆད་འགྲེལ་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ནས་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱས་ཤིང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་བཏོད་ཡོད།

    ལེ་ཚན་དེ་2026ལོའི་ཟླ་1ཚེས་21ཉིན་ནས་བཟུང་། ཉིན་ལྟར་དགོང་མོའི་ཆུ་ཚོད་8པར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་ཐོག་མར་བསྟན་རྒྱུ་དང་། སྤྱི་ཚོགས་ཁྲིམས་ལུགས་འཕྲིན་ལམ་ནས་ཉིན་གཉིས་པའི་དགོང་མོའི་ཆུ་ཚོད་8པར་བསྐྱར་དུ་བསྟན་རྒྱུ་དང་འབྲེལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་ལམ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་མཉམ་དུ་བསྟན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།