རྒྱལ་ཁབ་མདོང་དྲ་ཚོགས་པས་ཉིན་རེར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་ཚད་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་རྒྱལ་ཁབ་མདོང་དྲ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་20ཉིན། རང་རྒྱལ་གྱི་རང་བྱུང་སོལ་རླངས་མདོང་དྲ་གཙོ་བོ་ནས་ཉིན་རེར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10.67ཟིན་ཏེ། ཉིན་རེར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཉེ་ཆར། ས་ཆ་མང་པོར་གྲང་རྒྱུན་དང་། གངས་ཆར། འཁྱགས་པ་ཐེབས་པ་བཅས་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་དྲོད་ཚད་ཆེན་པོ་ཆག་ཡོད། རྒྱལ་ཁབ་མདོང་དྲ་ཚོགས་པས་སྔོན་ཚུད་ནས་མདོང་དྲའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་36ཡན་དུ་སྤར་ཞིང་། མིག་སྔར། མདོང་དྲ་སྦྲེལ་མཐུད་བྱས་པའི་གཤེར་འགྱུར་རང་བྱུང་སོལ་རླངས་བསྡུ་ལེན་ས་ཚིགས་19ཡི་ཉིན་རེར་ཆ་སྙོམས་ཕྱིར་འདྲེན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3ཙམ་ཟིན་པ་དང་། དྲ་སྦྲེལ་སོལ་རླངས་གསོག་མཛོད་17ནས་དུས་གཅིག་ཏུ་སོལ་རླངས་བསྡུས་པར་ཉིན་རེའི་སོལ་རླངས་བསྡུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2ཙམ་ཟིན་ཡོད། དེ་དང་ཆབས་ཅིག“རྒྱལ་ཡོངས་མདོང་དྲ་གཅིག”གི་གཅིག་སྡུད་གཅིག་གྱུར་བཀོད་གཏོང་གི་ལེགས་ཆ་བཏོན་ནས་བྱང་ཕྱོགས་དང་དབུས་ཤར་རྒྱུད་སོགས་གཙོ་གནད་ས་ཁོངས་ཀྱི་སོལ་རླངས་དགོས་མཁོ་འགན་ལེན་བྱས་ཏེ། ཐོན་ཁུངས་ས་ཁོངས་ལས་བརྒལ་ནས་ནུས་ཆེ་བཀོད་གཏོང་དང་གནད་སྨིན་བཀོད་གཏོང་ཐུབ་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སོལ་རླངས་ཀྱི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།