ལོ་10ཡི་རིང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་161ལྷག་ཙམ་ཟིན་པ།
འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་གྱི་ས་ཁོངས་འཐབ་ཇུས་གལ་ཆེན་ཞིག་རེད། ནན་ཅིང་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། ལོ་10ཡི་རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་161.63ཟིན་པ་དེས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་45.2%བཟུང་བ་དང་། དེའི་ནང་ལོ་10ཡི་རིང་ཅང་སུའུ་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་47.93ཟིན་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྒོ་དབྱེའི་གསོན་ཤུགས་སྔར་བས་རྒྱས་ཤིང་། ལོ་10ཡི་རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་72.76བྱས་པ་དེས་རྒྱལ་ཡོངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི་43.3%བཟུང་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གསར་གཏོད་སྒུལ་ཤུགས་དེ་བས་ཆེ་ཞིང་། ལོ་10ཡི་རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་49.18ཟིན་པ་དེས་རྒྱལ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱས་པའི་47.8%བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།