དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་ཚད་ ཁྲི་2000ལྷག་ཙམ་ཟིན་པ།

    ས་ཁོངས་སྒྲོལ་བའི་འཁོར་རྒྱུག་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-23

    གསར་འགོད་པར་ཀྲུང་གོ་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་རྒྱལ་གྱི་ཉིས་བརྒྱུད་རླངས་འཁོར་ཁྲོམ་རའི་ཉོ་ཚོང་གྲངས་འབོར་ཁྲི་2000གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་ལོ་ཧྲིལ་པོར་ནུས་རྒྱུ་གསར་པའི་ཉིས་བརྒྱུད་རླངས་འཁོར་ཁྲི་160ཉོ་ཚོང་པ་དེས་ལོ་ཧྲིལ་པོའི་ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་བསྡོམས་འབོར་གྱི་7.9%བཟུང་ཡོད།

    2025ལོར། ཉིས་བརྒྱུད་རླངས་འཁོར་ཁྲི་2010.8ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་2.52%འཕར་བ་དང་། རིམ་རྩིས་བརྒྱབ་ན་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་12897.9ཟིན་པའི་ནང་འཚོ་བའི་ཐད་སྤྱོད་པའི་རླངས་འཁོར་ཁྲི་1573.97ཉོ་ཚོང་བྱས་པ་དང་། ཚོང་སྤྱོད་རླངས་འཁོར་ཁྲི་286.92ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་7.7%འཕར་ཡོད། ལོ་རྒྱུས་ཀྱི་གྲངས་གཞི་ལས་མངོན་པར། 2016ལོར་རང་རྒྱལ་གྱི་ཉིས་བརྒྱུད་རླངས་འཁོར་ཁྲི་1039ཉོ་ཚོང་བྱས་ནས་རླངས་འཁོར་ཁྲི་སྟོང་ལས་ཐོག་མར་བརྒལ་བ་རེད།

    ཀྲུང་གོའི་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུའོ་ལེ་ཡིས་ངོ་སྤྲོད་བྱས་དོན། 2025ལོར་ཉིས་བརྒྱུད་རླངས་འཁོར་གྱི་ཁྲོམ་ར་ནས་ཁྱད་ཆོས་4མངོན་པ་སྟེ། ས་ཁོངས་སྒྲོལ་བའི་འཁོར་རྒྱུག་གི་འཕེལ་ཕྱོགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ནུས་རྒྱུ་གསར་པའི་ཉིས་བརྒྱུད་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་གི་ཆ་སྙོམས་རིན་གོང་བརྟན་དུ་ཕྱིན་པ། མཛོད་ཉར་དོ་དམ་གྱི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་རེད། 2025ལོའི་ཟླ་12པར། ཉིས་བརྒྱུད་རླངས་འཁོར་གྱི་ཐེམ་ཐོ་བསྒྱུར་ཚད་34.9%བར་འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.7མཐོ་རུ་ཕྱིན་ཡོད། ལུའོ་ལེ་ཡིས། ས་ཁོངས་འཁོར་རྒྱུག་གི་གསོན་ཤུགས་ཆེ་རུ་ཕྱིན་པ་དེས་ཉིས་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་རིན་ཐང་གང་ལེགས་མངོན་པ་མ་ཟད། ས་གནས་དེ་གའི་བརྒྱུད་ཚོང་བའི་མཛོད་ཉར་གནོན་ཤུགས་དེ་བས་ཆུང་དུ་ཕྱིན་པ་ཡང་མཚོན་ཡོད། དེ་དང་དུས་མཚུངས་འཛད་སྤྱོད་པས་ཉིས་བརྒྱུད་རླངས་འཁོར་གདམ་ག་བྱེད་པ་དེ་ས་ཁོངས་ཀྱི་ཚོད་འཛིན་ལས་བརྒལ་བ་མཚོན་ཞིང་ཁྲོམ་ར་སྤྱི་ཡོངས་ཀྱི་རྣམ་པ་རྒྱུན་མཐུད་འཁྲུག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།