ཁྲུང་ཆིང་གིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ།

ཀྲུང་གོའི“ཐོངས་མཆན་མི་དགོས་པའི་གྲོགས་ཚོམ”གྱི་འཁོར་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཐོངས་མཆན་མི་དགོས་པའི་དུས་ཡུན་ཇེ་རིང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བར་དེ་བས་སྟབས་བདེ་བསྐྲུན་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱིས་རྒྱལ་ཁོངས་སུ་འཛུལ་མཁན་ཡུལ་སྐོར་བར་ཕྱོགས་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་པར་བརྟེན་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། འདི་ནི་ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཆུས་ཀྱི་ཚི་ཆི་ཁོའུ་གནའ་བོའི་གྲོང་རྡལ་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཁྱད་ལྡན་ཞིམ་ཟས་བཟོ་བར་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།