“ལོ་ལྔ་ཚན་བཅོ་ལྔ་པར”མཚོ་སྔོན་གྱིས་ས་མཐོའི་རྒན་གསོའི་ཞབས་ཞུའི་དཔེ་རྣམ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་16ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་དོན་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་གྱི་རྒན་གསོའི་ལས་དོན་བཀོད་སྒྲིག་བྱས་ནས། རྒན་གསོའི་མཁོ་སྤྲོད་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། རྒན་གསོའི་སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲི་བཟུང་ཚད་70%ཟིན་པ་བཅས་བྱ་རྒྱུ་དང་། “རྒན་གསོའི་ཞབས་ཞུ་དང་། དངུལ་རྩ། སློབ་གསོ། རིག་གནས། སྡེ་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ། དམངས་སྲིད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ་རྒན་གསོའི་སྒྲིག་གཞིའི་བདེ་འཇགས་བརྟན་ལྷིང་དང་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
2026ལོར་མཚོ་སྔོན་གྱིས་རྒན་གསོའི་ཞབས་ཞུའི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། རྒན་རྒོན་མང་བའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ་སྐོར་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒན་རྒོན་སྤྱི་ཚོགས་ཁྲོད་དུ་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ་དང་། རྒན་རྒོན་གྱི་ཁེ་དབང་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། དུས་རབས་གསར་པའི་གཞི་རིམ་རྒན་རྒོན་གྱི་མཐུན་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་འཐེན་བཤེར་ཐེངས་དྲུག་པ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།
རྒན་གསོའི་ཞབས་ཞུ་སྒྱུར་བཅོས་གཏིང་ཟབ་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྫོང་རིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་པ། ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཚོ་རིམ་པའི་སྒྲིག་བཀོད་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོ་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྤྱོད་ཚད་མང་དུ་གཏོང་བ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་རྒན་འཕྲོད་ཅན་དང་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང་རིམ་སྤོར་སྒྱུར་བཀོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད།
གཞུང་འཛུགས་དམངས་གཉེར་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྡེ་ཁུལ་གྱི་བསྒར་བརྒྱན་རྣམ་པའི་རྒན་གསོའི་སྒྲིག་གཞི་འཛུགས་པ། རིག་ལྡན་རྒན་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་དབུ་དཀར་དཔལ་འབྱོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱ་རྒྱུ་རེད། རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་ཀྱི་རིམ་པར་དཔྱད་འདོམས་བྱ་རྒྱུ། ནུས་ཤོར་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ནད་གསོ་གཡོག་བྱེད་དང་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ཞབས་ཞུའི་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།