དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བོད་དུ“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ལ་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-23

    ཚེས་20ཉིན་དང་ཚེས་21ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅིའི་འོས་མི་དང་། ཏང་ཙུའི་ཁོངས་མི། ཁེ་དབང་འགན་སྲུང་པུའི་པུའུ་ཀྲང་བཅས་ཡིན་པའི་ཝང་ཅུན་ཝེ་དང་བཅས་པ་བོད་དུ་ཕེབས་ནས“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ལ་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་བྱེད་སྒོར་ཞུགས་པ་རེད།

    འཚམས་འདྲི་ཚོགས་པ་སྔ་རྗེས་སུ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་། བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སི། རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཆུ་ཚོད་24ཡི་རིག་ནུས་ཅན་གྱི་ཁང་ཕྱིའི་ངལ་རྩོལ་པའི་ས་ཚིགས། ལྷ་ས་མེ་ཤུགས་གློག་ཁང་གི་ཁུལ་ཆུང་བཅས་སུ་ཕེབས་ཤིང་། འཚམས་འདྲི་ཚོགས་པ་གང་དུ་སླེབས་ཀྱང་ཁོང་ཚོས་ལས་བཟོར་མཇལ་དར་བསྒྲོན་པ་དང་། འཚམས་འདྲིའི་དངུལ་སྤྲོད་པ། དུས་ཆེན་གྱི་སྨོན་འདུན་ཞུས་ནས། ལས་བཟོའི་ལས་ཀ་དང་། འཚོ་བ། ཁེ་དབང་འགན་སྲུང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད།

    འཚམས་འདྲི་ཚོགས་པས་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་སྤེལ་བའི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རིམ་ཁག་བཟོ་ཚོགས་ཀྱིས་ཁེ་དབང་སྲུང་བའི་ཞབས་ཞུའི་གཞི་རྩའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ད་ཡོད་ཀྱི་སྒྲིག་བཀོད་སྒྲིག་ཆས་གང་ལེགས་སྤྱོད་པ། མ་དངུལ་ཚད་ལྡན་སྤྱོད་པ། གཞན་དབང་ཞབས་ཞུ་སྒྲུབ་སྟངས་དེ་རང་འགུལ་ཞབས་འདེགས་ཞུ་སྟངས་སུ་བསྒྱུར་བ། ཤེས་ལྡན་པ་འཚར་ལོངས་ཡོང་བར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།