དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོར་རང་རྒྱལ་གྱིས་རླངས་འཁོར་ཁྲི་700ལྷག་ཙམ་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    འདི་ནི་ཉེ་ཆར་ཅང་སུའུ་ཞིང་ཆེན་ལན་ཡུན་སྒང་གྲུ་ཁའི་ཤར་ཕྱོགས་གྲུ་ཁའི་ལས་དོན་ཡན་ལག་ཀུང་སིའི་གྲུ་ཁར་ཕྱིར་གཏོང་རླངས་འཁོར་འབོར་ཆེན་གྲུར་བླུགས་ནས་དབོར་རྩིས་བྱེད་བཞིན་པ།

    ཉིན་ཤས་གོང་། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་རླངས་འཁོར་བཟོ་ལས་ཐོན་སྐྱེད་དང་ཕྱིར་ཚོང་གནས་ཚུལ་ལས་མངོན་པར། 2025ལོར་རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་700ལས་བརྒལ་ནས། རླངས་འཁོར་ཁྲི་709.8ཟིན་པ་དེ་དུས་མཚུངས་ལས་21.1%འཕར་ཏེ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། 2025ལོར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་261.5ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་103.7%མགྱོཌ་མྱུར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།