དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རླབས་རྒྱུན་དང་ལྡོག་ནས་མདུན་སྐྱོད་བྱས་པ་དེ་ལས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ར་སྤྲོད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    2025ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1000ལས་ཐོག་མར་བརྒལ་ཡོད། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཆུང་བ་དང་རྒྱལ་སྤྱིའི་ཚོང་དོན་མ་ལག་ལ་རྡབ་རྡེག་ཚབས་ཆེན་ཕོག་པའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རླབས་རྒྱུན་དང་ལྡོག་ནས་མདུན་སྐྱོད་བྱས་པ་དེ་ལས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ར་སྤྲོད་ཐུབ་ཡོད་ཅེས་བརྗོད།

    ཀུའོ་ཅ་ཁུན་གྱིས། ཀྲུང་གོའི་འགག་སྒོ་སྤྱི་ཁྱབ་ཧྲུའི་བསྡོམས་རྩིས་ལ་གཞིགས་ན། 2025ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1000ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ་ཨེ་ཤེ་ཡ་དབུས་མའི་སྤུས་ལེགས་ཐོན་རྫས་དེ་བས་མང་པོ་ཞིག་ཀྲུང་གོའི་ཁྲོམ་རར་འདྲེན་བཞིན་ཡོད་ཅེས་བརྗོད།

    “མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཆུང་བ་དང་རྒྱལ་སྤྱིའི་ཚོང་དོན་མ་ལག་ལ་རྡབ་རྡེག་ཚབས་ཆེན་ཕོག་པའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རླབས་རྒྱུན་དང་ལྡོག་ནས་མདུན་སྐྱོད་བྱས་པ་བརྒྱུད། ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དེ་ཐོག་ནས་ཀྲུང་གོའི་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་འཕེལ་ཕྱོགས་མངོན་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་ར་སྤྲོད་ཐུབ་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་གྱུར་ཡོད”ཅེས་ཀུའོ་ཅ་ཁུན་གྱིས་བརྗོད།

    ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་སྐྱོང་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། དམངས་ཁྲོད་ཀྱི་མཛའ་གྲོགས་འགྲོ་འོང་ཉིན་བཞིན་ཟབ་ཏུ་ཕྱིན་པ། ལྷག་པར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་བདེ་བླག་ངང་འཚོགས་པ་བཅས་ལས། ཕྱོགས་གཉིས་པོའི་མཉམ་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།