དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རན་གྱིས་རྒྱལ་ཁབ་བདུན་ཚོགས་པས་དབྱི་རན་གྱི་ནང་སྲིད་ལ་ཐེ་ཇུས་བྱས་པར་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་ནས་ཚེས་16ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་རྒྱལ་ཁབ་བདུན་ཚོགས་པས་གསལ་བསྒྲགས་སྤེལ་ནས་དབྱི་རན་གྱི་ནང་སྲིད་ལ་ཐེ་ཇུས་བྱས་པར་དབྱི་རན་གྱི་ཕྱི་འབྲེལ་པུས་རྒོལ་གཏམ་དྲག་པོ་བཏང་བ་དང་གསལ་བསྒྲགས་དེ་ནི་ཚད་གཞི་ཉིས་བརྩེགས་ཀྱི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་རེད་ཅེས་བརྗོད་པ་རེད།

    དབྱི་རན་ཕྱི་འབྲེལ་པུས་གསལ་བསྒྲགས་ཤིག་ནང་དབྱི་རན་གྱིས་རྩ་ཁྲིམས་གཞིར་བཟུང་ཞི་བདེའི་རྒོལ་གཏམ་གཏོང་བའི་ཁེ་དབང་ཚུད་པའི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་པ་དང་དུས་མཚུངས་བྱ་སྤྱོད་སྤེལ་ནས་སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་གང་ལེགས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ནས་ཕྱི་རྒྱལ་གྱི་འཇིགས་སྐུལ་དང་བཙན་འཛུལ་གང་རུང་མི་ཕོག་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    གསལ་བསྒྲགས་ནང་། 2025ལོའི་ཟླ་6པར་ཨ་རི་དང་རྒྱལ་ཁབ་བདུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་གཞན་དག་གིས་དབྱི་རན་ལ་དབྱི་སི་རལ་གྱིས་དམག་དོན་བཙན་འཛུལ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་འབྲེལ་དབྱི་རན་བ་བརྒྱ་ཕྲག་ཁ་ཤས་བསད་པ་དེ་དབྱི་རན་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།