ཧུའུ་པེ་ཏང་ཀྲི་སུང་མྱུར་བགྲོད་གཞུང་ལམ་གྱི་སུང་ཙི་གཙང་པོའི་ཟམ་སྣེ་མཐུད་པ།

ཉེ་ཆར། ཏང་ཀྲི་སུང་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སུང་ཙི་གཙང་པོའི་ཟམ་སྣེ་བདེ་བླག་ངང་མཐུད་པ་རེད། ཏང་ཀྲི་སུང་མྱུར་བགྲོད་གཞུང་ལམ་ནི་ཧུའུ་པེ་ཞིང་ཆེན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། བསྐྲུན་ཟིན་རྗེས་ཏང་དབྱང་དང་། ཀྲི་ཅང་། སུང་ཙི་བཅས་རྫོང་གསུམ་སྦྲེལ་མཐུད་དང་G42ཧྲང་ཧའེ་ནས་ཁྲེང་ཏུའུ་བར་དང་། G50ཧྲང་ཧའེ་ནས་ཁྲུང་ཆིང་བར། S88གཡོད་དབྱང་ནས་དབྱི་ཁྲང་བར་བཅས་ཀྱི་མྱུར་བགྲོད་གཞུང་ལམ་གསུམ་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།