དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚོད་ལྟའི་ཁུལ་དུ་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་8132བསྐྲུན་པ།

    སྡེ་ཁུལ་གྱི་གྲོང་མི་དུང་ཕྱུར་1.7ཙམ་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    ཉེ་ཆར། ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་12པའི་ཟླ་མཇུག་བར། ཚོད་ལྟའི་ཁུལ་དུ་གྲོང་ཁྱེར་གྱི་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་8132བསྐྲུན་པ་དེ་ཚོང་ལས་དྲ་ཚིགས་ཁྲི་195.4དང་འབྲེལ་བ་ཡོད་པ་དང་སྡེ་ཁུལ་གྱི་གྲོང་མི་དུང་ཕྱུར་1.68ལ་ཞབས་འདེགས་ཞུས་ཡོད།

    གྲོང་ཁྱེར་གྱི་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་ནི་སྡེ་ཁུལ་གྱི་གྲོང་མི་ཞབས་ཞུ་བྱ་ཡུལ་དུ་བྱེད་པ་དང་ཞབས་ཞུའི་ཁྱབ་ཁོངས་ནི་རྐང་ཐང་མར་སྐར་མ་15སྐྱོད་སའི་ཁུལ་ཡིན་པ་དང་། དེས་གྲོང་མིའི་རྒྱུན་གཏན་འཚོ་བའི་གཞི་རྩའི་འཛད་སྤྱོད་དང་སྤུས་ཚད་ལེགས་པའི་འཛད་སྤྱོད་སོགས་ཀྱི་དགོས་མཁོ་བསྐང་རྒྱུ་དམིགས་ཡུལ་དུ་བྱས་ནས། ལས་རྣམ་མང་པོ་ལས་གྲུབ་པའི་སྡེ་ཁུལ་གྱི་ཚོང་དོན་ཁུལ་ཞིག་ཡིན། 2025ལོའི་ཟླ་9པར། ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས《གྲོང་ཁྱེར་གྱི་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་འཛུགས་སྐྲུན་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས“རྒན་གཅིག་གཞོན་གཅིག”ལ་དམིགས་ཏེ་ལོ་ཚད་ཚང་མར་འཚམ་པའི་སྤུས་ལེགས་ཀྱི་འཚོ་བའི་ཁུལ་བསྐྲུན་ཡོད།

    ཚོང་དོན་པུའུ་ཡིས། དམངས་ཕན་འཚོ་བའི་ཁུལ་འཛུགས་སྐྲུན་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གནས་འཕྲོད་ལས་འཚམ་དང་། ཡུལ་སྐོར་དང་ཟོག་ཉོར་འཚམ་པ། རྒན་པ་དང་གཞོན་པར་འཚམ་པ་བཅས་ཀྱི་ལོ་ཚད་ཧྲིལ་པོར་མཐུན་འཕྲོད་རྣམ་པའི་སྤུས་ཚད་ལེགས་པའི་འཚོ་བའི་ཁུལ་བསྐྲུན་རྒྱུ་ཡིན་པ་དང་2030ལོར་སླེབས་སྐབས་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་ས་ཁོངས་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྔོན་སྐྱོད་ཁུལ་གྱི་ཚོད་ལྟའི་གྲོང་ཁྱེར་100གཏན་འཁེལ་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་དང་། ལས་རྣམ་ཆ་ཚང་། ནུས་པ་འཐུས་ཚང་། ཞབས་ཞུ་སྤུས་ལེགས། རིག་ལྡན་ནུས་ཆེ། གོ་རིམ་ལྡན་པ་བཅས་ཀྱི་དམངས་ཕན་འཚོ་བའི་ཁུལ་ཁྲི་1བསྐྲུན་རྒྱུ་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།