མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་འཕར་བ།
ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཆེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ལྟེ་བའི་འགན་ནུས་ལ་དམ་པོར་དམིགས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་རྣམ་འགྱུར་གྱི་ཐོག་ནས་ཚོང་འགུགས་མ་འདྲེན་གྱི་འཁོར་འབྲེལ་ཧྲིལ་པོ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁྱད་ལྡན་འོས་སྦྱོར་བྱེད་སྒོ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱས་ནས། དོ་དམ་གྱི་ཕན་ནུས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ། མངའ་རིས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས“ཕྱིར་བསྐྱོད་དེ་སྤུས་ལེགས་ཁེ་ལས་དང་འབྲེལ་མཐུད་དང་། རྣམ་གྲངས་གྲབས་གསོག་མཛོད་སྟོབས་ཆེར་གཏོང་བ། བོད་སྐྱོར་ཐོན་ཁུངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ”སོགས་ཀྱི་བཀོད་སྒྲིག་བླང་བྱ་དེ་ཞིབ་ཕྲའི་ལས་ཀའི་བྱ་སྤྱོད་ལ་བསྒྱུར་ཡོད། ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། དམའ་དབྱིངས་དཔལ་འབྱོར། མཐའ་མཚམས་ཚོང་དོན་ཟོག་འགྲུལ་སོགས་ཁྱབ་ཁོངས་སུ་ཧྲེན་ཀྲེན་གྱི་ཆེད་དོན་འོས་སྦྱོར་ལ་བརྟེན་ནས་ཁེ་ལས་8དང་སྦྲེལ་མཐུད་བདེ་བླག་བྱུང་བ་དང་། ལྗང་མདོག་བཟོ་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་ལང་ཧྥང་ཆེད་དོན་འོས་སྦྱོར་ལ་བརྟེན་ནས་ཁེ་ལས་20ལྷག་ཙམ་ལ་འབྲེལ་མཐུད་བྱས་པ་རེད། “ཐོན་ལས་ཀྱི་ལས་འགན་བསྡུར་བ་དང་། ཁེ་ལས་ལ་དམིགས་ནས་འོས་སྦྱོར”གྱི་གནད་སྨིན་ཤུགས་འདོན་བརྒྱུད། ལོ་ཧྲིལ་པོར་ཁེ་ལས་100ལྷག་ཙམ་མངའ་རིས་སུ་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱེད་པར་བཀུག་པ་དང་། འདོད་མཐུན་ཡོད་པའི་མཉམ་ལས་ཁེ་ལས་44བྱུང་ཡོད། མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་45གསར་དུ་དོན་འཁྱོལ་བྱས་པར་ཚོད་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་16.68ཟིན་པ་དང་། སྐྲུན་བཞིན་པའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་64ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་140.2གཏོང་རྩིས་ཡོད་པས། ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།