བདུད་རྩི་རྟགས་ཅན་བོད་སྨན་གྱི་IPསྤུས་རྟགས་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། རྒྱལ་ནང་བོད་སྨན་གྱི་སྣེ་འདྲེན་སྤུས་རྟགས་ཡིན་པའི་བདུད་རྩི་རྟགས་ཅན་བོད་སྨན་གྱི་IPསྤུས་རྟགས་གསར་པ་ཁྱབ་བསྒྲགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤུས་རྟགས་དེར་བོད་ལུགས་གསོ་རིག་གི་རིག་གནས་ཀྱི་ཉིང་བཅུད་དང་དེང་རབས་མཛེས་དཔྱོད་ཀྱི་འདུ་ཤེས་མཉམ་འདྲེས་གཏིང་ཟབ་བྱས་ཤིང་། དམིགས་ཡུལ་ནི་མཐོང་ཐུབ་པ་དང་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་ལོ་ངོ་སྟོང་གི་བོད་ཀྱི་གསོ་བ་རིག་པའི་བློ་གྲོས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྤུས་རྟགས་ཀྱི་རིག་གནས་དང་རིན་ཐང་དེ་བས་མཚོན་པར་བྱ་ཆེད་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྤུས་རྟགས་ཇུས་འགོད་ཀྱི་རིག་ལམ་གཙོ་བོ་ནི་བདུད་རྩི་རྟགས་ཅན་བོད་སྨན་གྱི་མཚོན་རྟགས་ཀྱི་ནང་དོན་དང་རྣམ་པ་གཉིས་ཡིན་ཞིང་། དེའི་ནང་བོད་ཀྱི་གསོ་བ་རིག་པའི་གཏིང་ཟབ་པའི་ལོ་རྒྱུས་འདུས་ཡོད།
བདུད་རྩི་རྟགས་ཅན་བོད་སྨན་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་IPསྤུས་རྟགས་དེ་བདུད་རྩི་རྟགས་ཅན་བོད་སྨན་ཀུང་སིས་སྤུས་རྟགས་གཏོད་པ་དང་རིག་གནས་བརྒྱུད་སྤེལ་བྱེད་པའི་གསར་གཏོད་གལ་ཆེན་གཞན་ཞིག་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།