རང་ལྗོངས་ཀྱི་དམངས་འཛུགས་སློབ་གྲྭར་ཏང་རྩ་འཛུགས་ཡོངས་ཁྱབ་བྱུང་བ།
ཉེ་དུས། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོཌ་བྱུང་བར། 2025ལོར་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོཌ་ཀྱིས་གཞི་རིམ་དང་རྨང་གཞིར་དམ་འཛིན་ནན་པོ་བྱས་ཏེ་དམངས་འཛུགས་སློབ་གྲྭའི་ཏང་འཛུགས་སྐྱོང་དེ་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྱོང་གི་སྤྱིའི་ལས་དོན་བཀོད་སྒྲིག་ནང་འཇུག་རྒྱུ་མཐའ་འཁྱོངས་དང་། དམངས་འཛུགས་སློབ་གྲྭའི་ཏང་འཛུཌ་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི་དམངས་འཛུགས་སློབ་གྲྭར་ཏང་གི་རྩ་འཛུགས་ཡོངས་ཁྱབ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོཌ་ཀྱིས་དུས་བཀག་དང་དུས་ངེས་མེད་དུ་ལྗོངས་ཡོངས་ཀྱི་དམངས་འཛུགས་སློབ་གྲྭའི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གི་གནས་ཚུལ་མཐིལ་རྟོགས་དང་ཁོང་དུ་ཆུད་པ་བྱས་ཤིང་། སུས་གཙོ་འགན་འཁུར་ཚེ་དེས་འགན་འཁུར་བ་དང་ལས་རིགས་དང་ཏང་འཛུགས་སྐྱོང་གཉིས་ཀར་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་། རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིའི་ཁོངས་གཏོགས་ཀྱི་འབྲེལ་བ་གསེད་བཀྲོལ་བྱས་པ་རེད། ཁེར་རྐྱང་འཛུགས་པ་དང་། དམངས་འཛུགས་དང་དམངས་འཛུཌ་མཉམ་འབྲེལ་འཛུགས་སྐྲུན། དམངས་འཛུགས་དང་གཞུང་འཛུགས་མཉམ་འབྲེལ་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་བ་རེད། ཏང་འཛུགས་སྐྱོང་ལས་ཀའི་ཁྲིད་སྟོན་པ་འདེམས་མངགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ཉམས་ཞན་གྱི་དམངས་འཛུགས་སློབ་གྲྭར་མཛུབ་སྟོན་བྱས་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ཁ་གསབ་གྲོན་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་དམངས་འཛུགས་སློབ་གྲྭའི་ཏང་རྩ་འཛུགས་ལ་ཁ་གསབ་བྱས་ཤིང། དམངས་འཛུགས་སློབ་གྲྭའི་ཏང་འཛུགས་སྐྱོང་གི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཛུགས་བུ་བཅོལ་ཁང་གི་ཏང་རྩ་འཛུགས་ལ《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི〈གྲོས་འགོ〉སློབ་སྦྱོང་དང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ》དང་། དམངས་འཛུགས་སློབ་གྲྭའི་ཏང་རྩ་འཛུགས་ལ《ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྤྱི་བཤད》《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》སོགས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་བཅས་མངག་ཉོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།