“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གིས་ཇོ་རིའི་འདབས་སུ་ཞབས་འདེགས་ཞུ་བ།

འདི་ནི་ཇོ་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་ཆོས་རྫོང་གྲོང་ཚོར་གནས་པའི་ཇོ་རི་མཐའ་མཚམས་མངགས་གཏོང་ཁང་གིས་དུས་ཡུན་རིང་པོའི་ནང་བདེ་འཇགས་སྲུང་སྐྱོང་དང་། འཕྲལ་སྡོམ་རོགས་སྐྱོབ། ཡུལ་སྐོར་བར་ཞབས་ཞུ། སྒྲིག་ལམ་དོ་དམ་སོགས་ཀྱི་ལས་འགན་གལ་ཆེན་འཁུར་བཞིན་ཡོད། ཇོ་རི་མཐའ་མཚམས་མངགས་གཏོང་ཁང་གིས་བཀྲ་ཤིས་འཛོམས་གྲོང་རྡལ་སྲིད་གཞུང་དང་ཇོ་རི་རིག་གནས་ཡུལ་སྐོར་ཀུང་སི་དང་མཉམ་ལས་ཧུར་ཐག་བྱས་ཏེ“ཕྱོགས་གསུམ་མཉམ་འགུལ”གྱི་འདུམ་འགྲིག་ལམ་སྲོལ་དང་དམངས་ཕན་ཞབས་ཞུའི་འདུམ་འགྲིག་ཁང་བཙུགས་པ་མ་ཟད། “ཉན་པ་དང་། སེམས་རྩ་འཁོལ་བ། འགག་གནད་འཚོལ་བ། མཐུན་ཆ་འཚོལ་བ། འདུམ་འགྲིག་བྱེད་པ”བཅས་ཀྱི“འདུམ་འགྲིག་བྱ་ཐབས་ལྔ”གསར་གཏོད་རང་བཞིན་གྱིས་བཏོན་པས། སྣ་མང་མཉམ་བཅོས་དང་མཉམ་འགུལ་ནུས་ཆེའི་འགལ་ཟླ་དང་རྩོད་གཞི་སེལ་སྟངས་གསར་པ་ཞིག་ཆགས་ཡོད། མངགས་གཏོང་ཁང་དེར་2025ལོའི་ཟླ་10ཚེས་20ཉིན་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཁག་གསུམ་པའི་བོད་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གི་མིང་དངོས་སུ་བཏགས་པ་རེད།
འབྲེལ་ཡོད་གསར་འགྱུར།