ཀྲུང་གུང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།
ཟླ་1ཚེས་20ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གློག་འཕྲིན་བཏང་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
རྟེན་འབྲེལ་གློག་འཕྲིན་ནང་འཁོད་དོན། ཝེ་ཐེ་ནམ་གུང་ཁྲན་ཏང་ནི་ཝེ་ཐེ་ནམ་གྱི་མི་དམངས་དང་ཝེ་ཐེ་ནམ་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་རེད། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པ་འཚོགས་ཚུན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག ཝེ་ཐེ་ནམ་གྱི་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་མགྱོགས་མྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་མཐོ་རུ་ཕྱིན་པ་བཅས་ལས། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་མ་ཟད། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཝེ་ཐེ་ནམ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་ཝེ་ཐེ་ནམ་གྱི་ཏང་དང་མི་དམངས་ཀྱིས་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད།
ཚོགས་ཆེན་ཐོག་འབྱུང་འགྱུར་ལོ་ལྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྲིད་དོན་གལ་ཆེན་ཇུས་འགོད་བྱས་ནས། ཝེ་ཐེ་ནམ་གྱི་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་གཏོད་རྒྱུ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ནི་མཐུན་སྒྲིལ་དང་རྒྱལ་ཁའི་ཚོགས་ཆེན་ཞིག་ཡིན་པ་དང་ཝེ་ཐེ་ནམ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཝེ་ཐེ་ནམ་མི་དམངས་ཚོས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་གྱི་དམིགས་ཚད་དང་ལས་འགན་ཁག་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ“ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་དབར་མཛའ་མཐུན། ཕྱོགས་ཡོངས་ནས་མཉམ་ལས”བཅས་ཀྱི་བྱེད་ཕྱོགས་དང“ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ” བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང“དེ་བས་དྲུག”གི་སྤྱིའི་དམིགས་ཚད་ལ་གཞིགས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་གྱི་བརྟན་ལྷིང་འཕེལ་རྒྱས་དང་དེ་བཞིན་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་མཉམ་དུ་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།